འཇར་པན་སྲིད་གཞུང་གིས་ཁྲོན་ཧྲིན་རྫོང་དང་མཉམ་དུ་ཨ་མེ་རི་ཁའི་དམག་དོན་རྟེན་གཞིའི་གནས་སྤོར་གནད་དོན་ལ་གྲོས་མོལ་བྱེད་པར་འཐད་པ་བྱུང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་པན་ནེ་ཀིའི་དཔོན་པོ་ཅན་དབྱེ་ཝེ་ཡིས་ཚེས་དྲུག་ཉིན་ཁྲོན་ཧྲིན་རྫོང་གི་མགོ་བ་ཡུས་ཁྲིན་ཏན་ནེ་དང་མཉམ་དུ་ཏུང་ཅིན་ནས་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ཨ་མེ་རི་ཁའི་དམག་དོན་རྟེན་གཞིའི་གནས་སྤོར་གནད་དོན་ཐད་ནས་གྲོས་མོལ་བྱེད་པར་འཐད་པ་བྱུང་ཡང་། ཀྲུང་དབྱང་སྲིད་གཞུང་གིས་གྲོས་མོལ་བྱེད་སྐབས་ཨ་མེ་རི་ཁའི་དམག་དོན་རྟེན་གཞིའི་ས་གནས་གསར་བའི་བཟོ་སྐྲུན་མཚམས་འཇོག་པར་འཐད་པ་བྱུང་མེད། 

ཡུས་ཁྲིན་ཏན་ནེ་ཡིས་གྲོས་མོལ་བྱས་རྗེས་གསར་འགྱུར་ལས་རིགས་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ནེ་ཀིའི་དཔོན་པོ་གཞོན་པ་ཧྲན་ཐེན་ཧི་པའོ་དང་ཁྲོན་ཧྲིན་རྫོང་གི་མགོ་གཙོ་གཞོན་པ་ཞེ་ཧྭ་ཞེ་དབྱེ་ལིང་གིས་དོན་དེའི་ཐད་ནས་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་། ཡུན་ཚད་ཟླ་ངོ་གཅིག་ཙམ་ཡིན་ཟེར། ཡུས་ཁྲིན་ཏན་ནེ་ཡིས་ཉིན་དེའི་གྲོས་མོལ་ཁྲོད་དམག་དོན་རྟེན་གཞིའི་གནས་སྤོར་གནད་དོན་གྱི་ཇུས་གཞིར་ངོ་རྒོལ་བྱེད་པའི་བསམ་ཚུལ་བསྐྱར་སྒྲོག་བྱས་པ་དང་། ཀྲུང་དབྱང་སྲིད་གཞུང་གིས་གྲོས་མོལ་བྱེད་སྐབས་ཨ་མེ་རི་ཁའི་དམག་དོན་རྟེན་གཞིའི་ས་གནས་གསར་བའི་བཟོ་སྐྲུན་མཚམས་འཇོག་དགོས་པའི་རེ་བ་བཏོན། རེ་བ་དེ་ཀྲུང་དབྱང་སྲིད་གཞུང་གིས་ཁས་ལེན་མ་བྱས། 
ཅན་དབྱེ་ཝེ་ཡིས་ཉིན་དེར་འབྲེལ་ཡོད་གྲོས་མོལ་སྤེལ་བར་ཡིད་འཐད་བྱུང་ཡོད་ཀྱང་། ཁོས་པེན་ཡེ་ཀུའུ་ཡི་གནས་སྤོར་འཆར་གཞི་ནི་ཕུའུ་ཐེན་ཅན་ཨ་མེ་རི་ཁའི་དམག་དོན་རྟེན་གཞིའི་གནས་སྤོར་གནད་དོན་གྱི་ཐག་གཅོད་ཇུས་གཞི་གཅིག་པུ་ཡིན་པ་ཡང་བསྐྱར་ནན་བཤད་བྱས།


རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།