ཐུ་ནི་ཞི་ཡཱ་ཡིས་རྒྱལ་ཡོངས་ཀྱི་དོགས་ཟོན་རྣམ་པའི་ཡུན་ཚད་ཡང་བསྐྱར་ཇེ་རིང་དུ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུ་ནི་ཞི་ཡཱའི་ཙུང་ཐུང་ཨེ་སེ་པུའུ་ཞི་ཡིས་ཚེས་དྲུག་ཉིན་ཁྱབ་སྒྲོག་བྱས་དོན། ཐུ་ནི་ཞི་ཡཱའི་རྒྱལ་ཡོངས་དོགས་ཟོན་རྣམ་པའི་ཡུན་ཚད་དེ་ཟླ་འདིའི་ཚེས་བདུན་ཉིན་ནས་བཟུང་ཡང་བསྐྱར་ཟླ་ངོ་གཅིག་གིས་ཇེ་རིང་དུ་གཏོང་རྒྱུ་ཡིན་ཟེར། 

ཐུ་ནི་ཞི་ཡཱའི་ཙུང་ཐུང་བཞུགས་ཤག་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཨེ་སེ་པུའུ་ཞི་ཡིས་ཐུ་ནི་ཞི་ཡཱའི་ཙུང་ལི་ཧྲ་ཧི་ཏི་དང་། མི་དམངས་འཐུས་མིའི་གྲོས་ཚོགས་ཀྱི་ཀྲུའུ་ཞི་ནཱ་སེ་ཨར་ལ་གྲོས་མོལ་བྱས་རྗེས། རྒྱལ་ཡོངས་ཀྱི་དོགས་ཟོན་རྣམ་པའི་ཡུན་ཚད་ཟླ་བཅུ་གཉིས་པའི་ཚེས་དྲུག་ཉིན་བར་ཟླ་ངོ་གཅིག་གིས་ཇེ་རིང་དུ་གཏོང་རྒྱུ་ཐག་བཅད་པ་ཡིན་ཟེར། 
དེའི་སྔོན་ཨེ་སེ་པུའུ་ཞི་ཡིས་ཐུ་ནི་ཞི་ཡཱའི་ནང་སྲིད་པུའུ་ཀྲང་དང་རྒྱལ་སྲུང་པུའུ་ཀྲང་གི་རྒྱལ་ཁབ་སྤྱིའི་བདེ་འཇགས་གནས་བབ་དང་ཁྱད་པར་དུ་འཇིགས་སྐུལ་རྩ་འཛུགས་དངང་རྩ་འཛུགས་ལྡན་པའི་ནག་ཉེས་ཚོགས་ཁག་གི་འཇིགས་ཉེན་སྐོར་གྱི་དཔྱད་འཇོག་སྙན་ཞུ་ལ་ཉན། 
ཟླ་བཅུ་བའི་ཚེས་ཉེར་དགུའི་ཉིན། ཐུ་ནི་ཞི་ཡཱའི་རྒྱལ་ས་ཐུ་ནི་ཞི་ཡཱ་གྲོང་ཁྱེར་ལྟེ་གནས་སུ་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། མི་ཉི་ཤུར་རྨས་ཕོག་པ་དང་། འཇབ་རྒོལ་མཁན་ཡང་རྐྱེན་ལམ་དུ་ཤོར།


རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།