ཕེ་རུ་ནས་རླངས་འཁོར་ཐོ་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་སྟེ་ཉུང་མཐར་ཡང་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕེ་རུའི་གསར་འགྱུར་ལས་རིགས་ཀྱིས་ཚེས་ལྔ་ཉིན་བསྒྲགས་པ་ལྟར་ན། རྒྱལ་ཁབ་དེའི་ལྷོ་ནུབ་ཕྱོགས་ཀྱི་ཕུའུ་ནོའུ་ཞིང་ཆེན་ནས་ཚེས་བཞི་ཉིན་གྱི་དགོང་མོར་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་། ཞིང་ཆེན་བར་གྱི་རྒྱང་བཞུད་འགྲུལ་སྐྱེལ་རླངས་འཁོར་ཞིག་དང་འགྲུལ་སྐྱེལ་རླངས་འཁོར་ཆུང་བ་ཞིག་ཐོ་བརྒྱབ་སྟེ། ཉུང་མཐར་ཡང་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་སོ་དགུར་རྨས་ཕོགག་ཡོད་ཟེར། 

ཉེན་རྟོག་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། ཕུའུ་ནོའུ་ཞིང་ཆེན་ནས་ཐཱ་ཁི་ནཱ་ཞིང་ཆེན་དུ་བགྲོད་པའི་རྒྱང་བཞུར་འགྲུལ་སྐྱེལ་རླངས་འཁོར་ཞིག་ཚེས་བཞི་ཉིན་གྱི་དགོང་མོར་ཕུའུ་ནོརུ་ཞིང་ཆེན་གྱི་ཏི་སཱ་ཀྭ་ཏི་ལོ་ས་ཁུལ་ནས་ཁ་གཏད་དུ་ཡོང་བའི་འགྲུལ་སྐྱེལ་རླངས་འཁོར་ཆུང་བ་ཞིག་ལ་ཐོ་བརྒྱབ་སྟེ། རླངས་འཁོར་གཉི་ག་ལོག་ནས་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་བུད་མེད་བཅུ་གཉིས་དང་བྱིས་པ་གཅིག་འདུས། 

རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། དོན་རྐྱེན་བྱུང་སྐབས། འགྲུལ་སྐྱེལ་རླངས་འཁོར་ཆུང་བ་དེ་ལྡོག་ནས་བགྲོད་བཞིན་ཡོད་པ་དང་། རྒྱུན་ལྡན་དུ་བགྲོད་པའི་རྒྱང་བཞུད་འགྲུལ་སྐྱེལ་རླངས་འཁོར་དང་གདོང་ཐུག་བརྒྱབ་པ་རེད། བྱེ་བྲག་གི་དོན་རྐྱེན་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད། 


རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།