སུའུ་ཏན་ལྷོ་མའི་གྲོས་ཁང་གིས་ཙུང་ཐུང་ཅི་ཨར་གྱི་འགན་ཡུན་ཇེ་རིང་དུ་གཏོང་བར་ཆོག་མཆན་བཀོད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སུའུ་ཏན་ལྷོ་མའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་མཱ་ཁཱ་ནཱ་ཡིས་ཚེས་བཅུ་གཉིས་ཉིན་ཁྱབ་སྒྲོག་བྱས་དོན། གྲོས་ཁང་གིས་ཉིན་དེར་འདེམ་ཤོག་འཕངས་ཏེ། ད་ལྟའི་ཙུང་ཐུང་ཅི་ཨར་གྱི་འགན་ཡུན་དེ་ཉིས་སྟོང་ཉེར་གཅིག་ལོའི་བར་ལོ་གསུམ་གྱིས་ཇེ་རིང་དུ་གཏོང་རྒྱུ་ཐག་བཅད་ཟེར།

མཱ་ཁཱ་ནཱ་ཡིས་གྲོས་ཁང་གི་གྲོས་ཚོགས་གྲོལ་རྗེས་གསར་འགྱུར་ལས་རིགས་ལ་གནས་ཚུལ་དེ་ཁྱབ་སྒྲོག་བྱས། གྲོས་ཁང་གིས་ཉིན་དེར་གྲོས་མཐུན་བཀོད་པའི་བཅའ་ཁྲིམས་འཆར་ཟིན་དེར་ཅི་ཨར་གྱིས་མིང་བཀོད་རྗེས་དངོས་སུ་ནུས་ལྡན་དུ་འགྱུར་ངེས་རེད།

སུའུ་ཏན་ལྷོ་མའི་རྒྱལ་དམངས་གྲོས་ཁང་གསར་འགྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པང་ཀྲུའུ་ཡིས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ད་ལྟའི་སྲིད་གཞུང་གི་འགན་ཡུན་ད་ལོའི་ཟླ་བདུན་པར་མཇུག་སྒྲིལ་བ་དང་། ཙུང་ཐུང་གི་འགན་ཡུན་ཇེ་རིང་དུ་བཏང་བ་ནི་དབང་ཤུགས་བདག་མེད་དུ་འགྱུར་བར་སྔོན་འགོག་བྱེད་ཆེད་ཡིན་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།