སིང་ག་ཕོར་དང་ཧན་གོས་དཔལ་འབྱོར་ཉོ་ཚོང་སོགས་ཀྱི་མཉམ་ལས་བཟོད་སྒོམ་བརྗེད་ཐོ་མང་བོ་བརྗེ་རེས་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སིང་ག་ཕོར་གྱི་ཙུང་ལི་ལིས་ཞན་ལུང་ཚེས་བཅུ་གཉིས་ཉིན་འཚམས་འདྲིར་ཡོང་བའི་ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་དང་མཉམ་དུ་ཕྱོགས་གཉིས་ཀྱིས་བཟོད་སྒོམ་བརྗེད་ཐོ་བརྗེ་རེས་བྱེད་པའི་མཛད་སྒོར་ཞུགས། ཐེངས་འདིར་བརྗེ་རེས་བྱེད་པའི་བཟོད་སྒོམ་བརྗེད་ཐོ་དེས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་ཐུབ་ངེས་རེད།

ཉིན་དེར་སིང་ག་ཕོར་ཁེ་ལས་འཕེལ་རྒྱས་ཅུའུ་ཡིས་སོ་སོར་ཧན་གོའི་ཁེ་ལས་ཆུང་འབྲིང་དང་གསར་དུ་བཙུགས་པའི་ཁེ་ལས་པུའུ། ཧན་གོའི་ཉོ་ཚོང་དངུལ་གཏོང་དར་སྤེལ་ཁང་བཅས་ཀྱི་བར་བཟོད་སྒོམ་བརྗེད་ཐོ་བརྗེ་རེས་བྱས་ཏེ། ཁེ་ལས་ཆུང་འབྲིང་དང་གསར་དུ་བཙུགས་པའི་ཁེ་ལས་འདུས་པའི་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་བར་གྱི་མཉམ་ལས་དང་གསར་གཏོད་ལ་ཡར་སྐུལ་བཏང་བ་དང་། རྒྱལ་ཁབ་གཉིས་བར་གྱི་ཚོང་རའི་ཟབ་ཞུགས་ལ་ཤུགས་སྣོན་བྱས་པར་མ་ཟད། དངུལ་གཏོང་གོ་སྐབས་ཇེ་མང་དུ་བཏང་ཡོད།

དུས་མཚུངས་སུ་སིང་ག་ཕོར་ཉོ་ཚོང་བཟོ་ལས་པུའུ་དང་ཧན་གོའི་ཐོན་ལས་ཚོང་འགྲིམ་ཐོན་ཁུངས་པུའུ་ཡིས་མཉམ་ལས་བཟོད་སྒོམ་བརྗེད་ཐོ་གསུམ་བརྗེ་རེས་བྱས་པ་དང་། དེ་དག་རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་དང་བཟོ་ལས། ནུས་ཁུངས་བཅས་ཐད་ཀྱི་མཉམ་ལས་ལ་འབྲེལ་བ་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།