ཨེ་ཙེ་ཨོ་ཕི་ཡཱ་དང་ཨིག་ལི་ཐི་ལི་ཡཱ་ཡིས་མཁའ་འགྲུལ་ཞབས་ཞུ་སླར་གསོ་དང་གྲུ་ཁའི་བེད་སྤྱོད་ཐད་གཅིག་གྱུར་གྲོས་མཐུན་བཀོད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཙེ་ཨོ་ཕི་ཡཱའི་ཙུང་ལི་ཨ་པུས་ཨེ་ཧཱ་མེད་ཏི་ཡིས་ཚེས་བརྒྱད་ཉིན་ཨིག་ལི་ཐི་ལི་ཡཱའི་རྒྱལ་ས་ཨ་སི་མཱ་ལཱ་ནས་བསྟན་དོན། ཨེ་ཙེ་ཨོ་ཕི་ཡཱ་དང་ཨིག་ལི་ཐི་ལི་ཡཱ་ཡིས་མཁའ་འགྲུལ་ཞབས་ཞུ་སླར་གསོ་བྱས་པར་མ་ཟད། ཨིག་ལི་ཐི་ལི་ཡཱ་ཡིས་སྐམ་སའི་རྒྱལ་ཁབ་ཨེ་ཙེ་ཨོ་ཕི་ཡཱ་ཡིས་ཨིག་ལི་ཐི་ལི་ཡཱའི་གྲུ་ཁ་བེད་སྤྱད་དེ་ཕྱི་ཕྱོགས་ཉོ་ཚོང་སྤེལ་བར་ཆོག་མཆན་བཀོད་ཟེར།

ཨ་པུས་ཨེ་ཧཱ་མེད་ཏི་ཡིས་ཉིན་དེར་ཨིག་ལི་ཐི་ལི་ཡཱའི་ཙུང་ཐུང་དབྱེ་སཱ་ཡཱ་སི་དང་གྲོས་མོལ་བྱས་རྗེས་བཤད་རྒྱུར། མཁའ་འགྲུལ་ཞབས་ཞུ་སླར་གསོ་དང་གྲུ་ཁའི་བེད་སྤྱོད་ཀྱི་ཆོད་དོན་དེས་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་འབྲེལ་བ་འཛུགས་ཐུབ་ཟེར། ཁོས་ད་རུང་བསྟན་དོན། དབྱེ་སཱ་ཡཱ་སི་ཡིས་བཏོན་པའི་ཕན་ཚུན་བར་ཡང་བསྐྱར་ཕྱི་འབྲེལ་ཆེད་མངག་ཚོགས་པ་མངག་པའི་གྲོས་གཞིར་ཡིད་འཐད་བྱུང་།

ཨ་པུས་ཨེ་ཧཱ་མེད་ཏི་ཡིས་ད་ལོའི་ཟླ་བཞི་བར་ཨེ་ཙེ་ཨོ་ཕི་ཡཱའི་ཙུང་ལིའི་འགན་ཁུར་བ་དང་། ཨིག་ལི་ཐི་ལི་ཡཱའི་བར་གྱི་ཛ་དྲག་འབྲེལ་བ་ཞི་འཇགས་སུ་གཏོང་བར་འབད་འབུངས་བྱས། དེའི་ནང་ཨིག་ལི་ཐི་ལི་ཡཱ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་རྩོད་གླེང་ཐག་གཅོད་བྱེད་པའང་འདུས།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།