དབྱི་སི་རལ་གྱི་ཙུང་ལི་ཡིས་ཨུ་རུ་སི་ལ་འཚམས་འདྲི་བྱས་ཏེ་དབྱི་ལིང་གིས་ངེས་པར་དུ་སི་རི་ཡཱའི་མངའ་ཁོངས་ནས་དམག་དཔུང་ཕྱིར་འཐེན་བྱེད་དགོས་པ་བསྐྱར་སྒྲོག་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིསཚེས་བརྒྱད་ཉིན་བསྟན་དོན། གཟའ་འཁོར་འདིའི་ནང་ཁོས་ཨུ་རུ་སི་ལ་འཚམས་འདྲི་བྱེད་སྐབས་དབྱི་སི་རལ་ཕྱོགས་ཀྱི་རྩ་དོན་ཏེ་དབྱི་ལིང་གིས་ངེས་པར་དུ་སི་རི་ཡཱའི་མངའ་ཁོངས་ནས་དམག་དཔུང་ཕྱིར་འཐེན་བྱེད་དགོས་པའི་རྩ་དོན་བསྐྱར་སྒྲོག་བྱེད་རྒྱུ་རེད།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེར་སྤེལ་བའི་ནེ་ཀིའི་རྒྱུན་ལྡན་གྱི་གྲོས་ཚོགས་སྟེང་གོང་གི་སྐད་ཆ་དེ་བཤད་པ་རེད།

ཁོས་ད་རུང་བསྟན་དོན། དབྱི་སི་རལ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་དུས་རྒྱུན་གྲོས་མོལ་བྱས་པ་དང་། དམིགས་ཡུལ་ནི་ཕྱོགས་གཉིས་ཀྱིས་བདེ་འཇགས་མཐུན་སྦྱོར་བྱེད་པ་དང་ས་ཁོངས་ཀྱི་གནས་བབ་གྲོས་བསྡུར་བྱེད་པར་འགན་སྲུང་བྱེད་ཆེད་ཡིན་ལ། དབྱི་སི་རལ་དང་ཨ་མེ་རི་ཁས་ཀྱང་དུས་བཅད་ལྟར་འབྲེལ་འདྲིས་བྱེད་བྱེད་བཞིན་ཡོད། དབྱི་སི་རལ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱིས་བཙུགས་པའི་འབྒརེལ་བ་དེ་དབྱི་སི་རལ་གྱི་བདེ་འཇགས་ལ་འགན་སྲུང་བྱེད་པར་གལ་འགངས་ཧ་ཅང་ཆེ་ཟེར།

ད་ལོའི་ཟླ་ལྔ་བར། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་སི་རི་ཡཱའི་གནད་དོན་ཐད་ནས་ཨུ་རུ་སི་ལ་འཚམས་འདྲི་བྱས་པ་རེད།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཐེངས་མང་བོར་བསྐྱར་སྒྲོག་བྱས་དོན། དབྱི་སི་རལ་གྱིས་དབྱི་ལིང་གིས་སི་རི་ཡཱ་ནས་དམག་དོན་རྟེན་གཞི་འཛུགས་སྐྲུན་བྱེད་དུ་འཇུག་མི་སྲིད་པ་དང་། དབྱི་ལིང་གིས་ཉིང་རྡུལ་མཚོན་ཆ་འཕེལ་རྒྱས་སུ་གཏོང་བར་ཡང་ཁས་ལེན་བྱེད་མི་སྲིད་ཟེར།

སི་རི་ཡཱའི་ཕྱོགས་ཀྱིས་བསྟན་དོན། དབྱི་ལིང་གིས་སི་རི་ཡཱ་རུ་དམག་དཔུང་བཀོད་སྒྲིག་བྱས་པ་ནི་སི་རི་ཡཱའི་སྲིད་གཞུང་གིས་རེ་བ་བཏོན་པ་ཡིན་ལ། སི་རི་ཡཱ་རུ་སི་རི་ཡཱའི་དམག་དཔུང་ལ་རོགས་སྐྱོར་འདོན་སྤྲོད་བྱེད་པའི་དབྱི་ལིང་གི་དམག་དོན་བློ་འདོན་པ་མ་གཏོགས་མེད་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།