ཨ་མེ་རི་ཁའི་ཞིང་ལས་རྩ་འཛུགས་ཀྱིས་ཨ་མེ་རི་ཁའི་སྲིད་གཞུང་གིས་ཉོ་ཚོང་འཐབ་འཁྲུག་མཚམས་འཇོག་དགོས་པའི་འབོད་སྐུལ་ནན་མོ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཞིང་རའི་བདག་པོའི་རང་དབང་ཉོ་ཚོང་ལ་རྒྱབ་སྐྱོར་བྱེད་པའི་རྩ་འཛུགས་ཀྱིས་ཚེས་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་སྲིད་གཞུང་གིས་ཉིན་དེ་ནས་བཟུང་མེ་སྒོར་ཐེར་ཆེན་གསུམ་དང་ཐེར་འབུམ་བཞིའི་ཀྲུང་གོའི་ཐོན་རྫས་ལ་སྒོ་ཁྲལ་ཁ་སྣོན་བྱས་པར་སྐྱོན་བརྗོད་བྱས་པ་དང་། ཨ་མེ་རི་ཁའི་ཞིང་བའི་ཁེ་ཕན་ལ་གནོད་པ་ཚབས་ཆེན་བཟོས་ཡོད་པའི་ཚུལ་བསྟན་པར་མ་ཟད། ཐི་ལིང་ཕུའུ་སྲིད་གཞུང་གིས་ཉོ་ཚོང་འཐབ་འཁྲུག་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

དབྱེ་ལེ་ནོའུ་དབྱེ་ཀྲིག་གི་ཞིང་བ་པུས་པུའུ་ཨར་གྱི་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ང་ལྟ་བུའི་སྲན་མ་འདེབས་འཛུགས་བྱེད་པའི་ཞིང་བར་མཚོན་ན། དེ་ནི་ཐད་ཀར་གྱི་དཔལ་འབྱོར་ཆམ་ཕབ་ཅིག་ཡིན་པ་དང་། ངའི་ཁུག་མའི་ནང་ནས་སྒོར་མོ་མངོན་འཕྲོག་བྱེད་པ་རེད་ཟེར། གསལ་སྒྲོག་ལས་ད་རུང་བཤད་རྒྱུར། དབུས་ནུབ་ས་ཁུལ་གྱི་མི་རྣམས་ཀྱི་ཕམ་ཚོར་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། ང་ཚོས་ངེས་པར་དུ་གནད་དོན་དེ་ཐག་གཅོད་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།