ཨེ་ཅིབ་དང་ཧྥ་རན་སི་ཡིས་མཚོ་དམར་མཚོ་ཁོངས་ནས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་གསར་འགྱུར་ལས་རིགས་ཀྱིས་ཚེས་དྲུག་ཉིན་བསྒྲགས་པ་ལྟར་ན། ཨེ་ཅིབ་དང་ཧྥ་རན་སིའི་མཚོ་དམག་གིས་ཉེ་སྔོན་ཨེ་ཅིབ་མཚོ་དམར་མཚོ་ཁོངས་ནས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་བ་དང་། ཐེངས་འདིའི་དམག་དོན་སྦྱོང་བརྡར་ནི་ཨེ་ཅིབ་དྲག་ཆས་དམག་དཔུང་གིས་ཁྱིམ་མཚེས་རྒྱལ་ཁབ་དང་མཛའ་མཐུན་རྒྱལ་ཁབ་བར་སྤེལ་བའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་གྱི་འཆར་གཞིའི་ཁག་ཅིག་ཡིན་ལ། ཨེ་ཅིབ་དང་ཧྥ་རན་སིའི་དམག་དོན་མཉམ་ལས་ཀྱི་སྒྲོམ་གཞིའི་ནང་དོན་དུའང་གཏོགས་པ་རེད།

བསྒྲགས་པ་ལྟར་ན། མཉམ་འབྲེལ་དམག་དོན་སྦྱོང་བརྡར་ལ་དེང་རབས་ཀྱི་བྱེད་ཐབས་ལ་བརྟེན་ནས་མཚོ་ཐོག་གི་བདེ་འཇགས་འཇིགས་ཉེན་ཐག་གཅོད་བྱེད་པ་དང་འཇིགས་སྐུལ་ངོ་རྒོལ་བྱ་འགུལ་སྤེལ་བ། དངོས་རྫས་རྩ་ཆེན་དྲུད་པའི་གྲུ་གཟིངས་ལ་སྲུང་སྐྱོབ་བྱེད་པ། དམིགས་འབེན་གཙོ་བོར་སྲོལ་རྒྱུན་མ་ཡིན་པའི་བདེ་འཇགས་འཇིགས་ཉེན་ཐེབས་པར་སྔོན་འགོག་བྱེད་པ་སོགས་སྦྱོང་བརྡར་བྱ་འགུལ་སྣ་ཚོགས་འདུས་ཟེར།

དམག་དཔུང་གཉིས་ཀྱིས་མཚོ་ཐོག་འཐབ་འཁྲུག་མ་ལག་གསར་བ་དང་བྱེད་ཐབས་ཀྱི་གསོ་སྦྱོང་དང་ལེན་བྱས་པར་མ་ཟད། ཕྱོགས་གཉིས་ཀྱིས་རོགས་ལས་འཐབ་འཁྲུག་སྦྱོང་བརྡར་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།