བྷང་ག་ལཱ་རྒྱལ་ཁབ་ཏུ་རྡོག་བརྫིས་དོན་རྐྱེན་བྱུང་ནས་མི་བཅུ་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྷང་ག་ལཱ་རྒྱལ་ཁབ་ལྷོ་ཕྱོགས་ཀྱི་ཅི་ཐེ་གྲུ་ཁའི་ས་ཁུལ་ནས་ཚེས་བཅུ་བཞིའི་ཉིན་རྡོག་བརྫིས་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་བཞི་བཅུར་རྨས་ཕོག

ས་དེའི་དཔོན་རིགས་ཀྱིས་བསྟན་དོན། དོན་རྐྱེན་དེ་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར་བྱུང་བ་དང་། ས་དེའི་མང་ཚོགས་ཁྲི་ཕྲག་འགའ་དགེ་སྒྲུབ་བྱ་འགུལ་ཞིག་ལ་ཞུགས་ཏེ། རིན་མེད་དུ་སྟེར་བའི་དངོས་རྫས་ལེན་སྐབས་རྡོག་བརྫིས་དོན་རྐྱེན་བྱུང་བ་རེད། འདས་པོ་བཅུ་བོ་ཚང་མ་བུད་མེད་ཡིན་ལ། རྨས་མ་མང་ཆེ་བ་ནི་བུད་མེད་དང་བྱིས་པ་རེད། རྨས་མ་སྐོར་ཞིག་ས་དེའི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།