ཧྥ་རན་སི་དང་འཇར་མན་གྱིས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཚེས་ཉེར་གསུམ་ཉིན་བསྟན་དོན། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གཉིས་ཀྱིས་ཉིན་དེར་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་གནས་བབ་ཐད་ནས་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། འབྲེལ་ཡོད་ཕྱོགས་སོ་སོས་མྱུར་དུ་བྱེད་ཐབས་སྤྱད་དེ། འཁྲུག་རྩོད་ས་ཁུལ་ནས་མཚོན་ཆ་ཆེ་གྲས་ཕྱིར་འཐེན་བྱས་ནས། ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་། གསལ་སྒྲོག་ལས་ནན་གྱིས་བསྟན་དོན། ཞི་བའི་སྒོ་ནས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་གནད་དོན་ཐག་གཅོད་བྱེད་པ་ནི་ད་གཟོད་ལག་ཏུ་བསྟར་ཆོག་པའི་བྱེད་ཐབས་ཤིག་ཡིན་ཟེར། གསལ་སྒྲོག་ལས་ཝུའུ་ཁི་ལན་གནད་དོན་གྱི་འབྲེལ་ཡོད་ཕྱོགས་གསུམ་གྱི་འབྲེལ་གཏུག་ཚན་ཆུང་གིས་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུའི་ཉིན་ལོ་གསར་བའི་སྐབས་སུ་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་ཁག་ཐེག་བྱེད་པའི་ཐད་ནས་གྲོས་མཐུན་བཀོད་པར་དགའ་བསུ་ཞུས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།