ཨ་མེ་རི་ཁའི་ལཱ་སི་ཝེ་ཅཱ་སི་ནས་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་སྟེ་མི་ང་བརྒྱད་རྐྱེན་ལམ་དུ་ཤོར།


1506997125211670.jpg

ཟླ10བའི་ཚེས2ཉིན། ཨ་མེ་རི་ཁའི་རྒྱལ་ས་ཝ་ཧྲིན་ཐོན་དུ། རྒྱལ་ཚོགས་རི་བོའི་ཉེ་འདབས་ཀྱི་ཨ་མེ་རི་ཁའི་རྒྱལ་དར་ཕྱེད་ཙམ་མར་ཕབ་ཡོད།

1506997125777628.jpg

ཟླ10བའི་ཚེས1ཉིན། ཨ་མེ་རི་ཁའི་ནུབ་ཕྱོགས་ཀྱི་ལཱ་སི་ཝེ་ཅཱ་སི་གྲོང་ཁྱེར་ནས། ལས་བྱེད་མི་སྣས་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་ས་ནས་རྨས་མ་སྐྱོབ་བཞིན་པ།

1506997125842174.jpg

ཟླ10བའི་ཚེས2ཉིན། ཨ་མེ་རི་ཁའི་ནུབ་ཕྱོགས་ཀྱི་ལཱ་སི་ཝེ་ཅཱ་སི་གྲོང་ཁྱེར་ནས། ཉེན་རྟོག་པས་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་སར་བཀག་སྡོམ་བྱེད་བཞིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ནུབ་ཕྱོགས་ཀྱི་ལཱ་སི་ཝེ་ཅཱ་སི་གྲོང་ཁྱེར་གྱི་ཉེན་རྟོག་ཕྱོགས་ཀྱིས་ཚེས་གཉིས་ཉིན་བཤད་རྒྱུར། ས་དེའི་ཚེས་གཅིག་ཉིན་གྱི་དགོང་མོར་གྲོང་ཁྱེར་དེ་ནས་མེ་མདས་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་ང་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་ལྔ་བརྒྱ་དང་བཅོ་ལྔར་རྨས་ཕོག་ཡོད་ཟེར།

ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་ལུང་པཱ་ཨར་ཏའོ་ཡིས་ཚེས་གཉིས་ཉིན་གྱི་སྔ་དྲོར་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཉེན་རྟོག་ཕྱོགས་ཀྱིས་ཡུལ་དངོས་སུ་རྒུད་སྐྱོབ་འགུལ་སྐྱོད་སྤེལ་བ་དང་། ཞོར་དུ་མི་སྣའི་ཐོབ་ཐང་ལ་དཔྱད་ཞིབ་དང་མི་གྲངས་རྩིས་བཤེར་བྱེད་བཞིན་ཡོད་ཟེར།

ཨ་མེ་རི་ཁའི་རྒྱལ་ཕྲན་མཉམ་འབྲེལ་རྟོག་ཞིབ་ཅུའུ་ཡིས་བཤད་རྒྱུར། མིག་སྔར་ཐེངས་འདིའི་མེ་མདས་བརྒྱབ་པའི་དོན་རྐྱེན་དེ་རྒྱལ་སྤྱིའི་འཇིགས་སྐུལ་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་བདེན་དཔང་མེད་ཟེར།

དོན་རྐྱེན་དེ་ནི་ཨ་མེ་རི་ཁའི་དེང་རབས་ལོ་རྒྱུས་སྟེང་ཤི་རྨས་ཆེས་ཚབས་ཆེ་བའི་མེ་མདས་བརྒྱབ་པའི་དོན་རྐྱེན་ཞིག་ཡིན་པ་རེད། དོན་རྐྱེན་བྱུང་སྐབས། མེ་མདའ་བཟུང་བའི་མི་ཞིག་གིས་ལཱ་སི་ཝེ་ཅཱ་སི་གྲོང་ཁྱེར་གྱི་མན་ཏི་ལེ་མཚོ་ཁུགས་མགྲོན་ཁང་གི་བརྩེགས་རིམ་སོ་གཉིས་པ་ནས་རོལ་མོའི་དུས་ཆེན་ལ་ཞུགས་པའི་མི་ཚོགས་ལ་མེ་མདས་བརྒྱབ་པ་རེད། ཉེན་རྟོག་པར་བརྡ་འབྱོར་ནས་དོན་རྐྱེན་བྱུང་སར་ཐོན་དུས་དོགས་ཡོད་ཉེས་ཅན་ཤི་འདུག ཉེན་རྟོ་ཕྱོགས་ཀྱིས་བདེན་དཔང་བྱས་པ་ལྟར་ན། དོགས་ཡོད་ཉེས་ཅན་ལོ་རེ་བཞི་ཅན་གྱི་ས་དེའི་སྡོད་དམངས་ཕཱ་ཏའོ་ཁི་ཡིན་པ་དང་། འཇབ་རྒོལ་གྱི་དམིགས་ཡུལ་ཅི་ཡིན་གསལ་བོར་མི་ཤེས་ཟེར།

རྩོམ་སྒྲིག་པ། གངས་ཆབ།

དཔྱད་མཆན 0 ཡོད།