ཞི་ཅིན་ཕིང་གིས་ཐུར་ཁེའི་བདམས་ཐོན་བྱུང་བའི་ཙུང་ཐུང་ཨེ་ཨར་ཏོ་ཨན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་དྲུག་པའི་ཚེས་ཉེར་དགུ་ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏོ་ཨན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་ནས། ཨེ་ཨར་ཏོ་ཨན་ཡང་བསྐྱར་ཐུར་ཁེའི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ངེད་གཉིས་ཀྱིས་འགྲོ་འོང་ཟབ་མོ་སྲུང་འཛིན་བྱས་ཏེ། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཕན་འབྲས་བཟང་པོ་ཐོབ་པར་སྐུལ་འདེད་བཏང་ཡོད། ཁྱེད་ཀྱི་འགོ་ཁྲིད་འོག་ཏུ། ཐུར་ཁེ་རྒྱལ་ཁབ་ཀྱིས་རྒྱལ་ཁབ་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་དུ་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པར་ང་ལ་ཡིད་ཆེས་ཡོད། ངས་ཀྲུང་གོ་དང་ཐུར་ཁེའི་འབྲེལ་བའི་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ལ། ཁྱེད་དང་མཉམ་དུ་འབད་བརྩོན་གྱིས་ཀྲུང་གོ་དང་ཐུར་ཁེའི་འཐབ་ཇུས་མཉམ་ལས་འབྲེལ་བ་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་བཟང་པོ་བསྐྲུན་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།