ཞི་ཅིན་ཕིང་གིས་སིང་ག་ཕོར་གྱི་ཙུང་ཐུང་ཧ་ལིས་མཱ་ལ་མཇལ་འཕྲད་གནང་།

1124493765_15578501709211n.jpg

1124493765_15578501854651n.jpg

ཟླ་ལྔ་བའི་ཚེས་བཅུ་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་སིང་ག་ཕོར་གྱི་ཙུང་ཐུང་ཧ་ལིས་མཱ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་བཅུ་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་སིང་ག་ཕོར་གྱི་ཙུང་ཐུང་ཧ་ལིས་མཱ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཟླ་སྔོན་མར་ཙུང་ལི་ལིས་ཞན་ལུང་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པ་དང་པེ་ཅིན་འཛམ་གླིང་ལྡུམ་རའི་ལག་རྩལ་དངོས་མང་འགྲེམ་སྟོན་ཚོགས་འདུའི་མཛད་སྒོར་ཞུགས་པ་དང་། ཟླ་འདིའི་ནང་ཙུང་ཐུང་ལགས་ཨེ་ཤ་ཡའི་དཔལ་ཡོན་གྲོས་མོལ་ཚོགས་ཆེན་ལ་ཞུགས་པར་ཡོང་བ་དེ་ལས་ཀྲུང་གོ་དང་སིང་ག་ཕོར་བར་དུ་མཛའ་བཤེས་ཟབ་མོ་ཆགས་ཡོད་པ་མཚོན་ཡོད། ཕྱོགས་གཉིས་ཀྱིས་སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་དང་། ཕྱོགས་གསུམ་པའི་ཚོང་རའི་མཉམ་ལས་རྒྱ་བསྐྱེད་ནས་སྔ་མོ་ནས་གྲུབ་འབྲས་ཐོབ་པར་བྱེད་དགོས་པར་མ་ཟད་ཨེ་ཤ་ཡའི་དཔལ་ཡོན་གྲོས་མོལ་ཚོགས་ཆེན་འཚོགས་པ་གོ་སྐབས་སུ་བཟུང་སྟེ་ཨེ་ཤ་ཡའི་མཛེས་པའི་ཁྱིམ་གཞི་མཉམ་སྐྲུན་བྱེད་དགོས་ཟེར།

ཧ་ལིས་མཱ་ཡིས་བཤད་རྒྱུར། སིང་ག་ཕོར་ཕྱོགས་ཀྱིས་བློ་ཐག་རྦད་ཆོད་སྒོས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་གྲོས་འགོ་བཏོན་པར་རྒྱབ་སྐྱོར་བྱེད་པར་མ་ཟད་ཀྲུང་གོ་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཉོ་ཚོང་དང་མི་གཞུང་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།