ཀྲུང་གུང་ཀྲུང་དབྱང་གིས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་སྐོར་ཞིག་མེད་པར་གཏོང་བ་དང་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན་ཁྱབ་སྒྲོག་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གིས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་སྐོར་ཞིག་མེད་པར་གཏོང་བ་དང་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན་ཁྱབ་སྒྲོག་བྱས། ཆོད་དོན་ཁྱབ་སྒྲོག་བྱས་པ་དེ་ལས་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཅིག་པར་བཀོད་སྒྲིག་དང་ལག་བསྟར་བྱས་པའི་ཀྲུང་དབྱང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆར་གཅིག་བསྡུས་སྒོས་གཙང་བཤེར་ཐེངས་གཉིས་པ་བྱས་པའི་བྱ་བ་བདེ་བླག་ངང་ཡོངས་འགྲུབ་བྱས་པ་མཚོན་ཡོད།

ཀྲུང་དབྱང་གིས་གཙང་བཤེར་ཁྱབ་ཁོངས་སུ་བཞག་པའི་ཀྲུང་དབྱང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ལས་ཡིག་ཆ་ང་བཞི་མེད་པར་གཏོང་བ་དང་ཡིག་ཆ་བརྒྱད་ལ་བཟོ་བཅོས་བྱེད་པ་དང་མཉམ་དུ་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བཅོས་སྒྱུར་དང་འབྲེལ་བ་ཡོད་པའི་ཀྲུང་དབྱང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་སྐོར་ཞིག་ལ་བཟོ་བཅོས་བྱེད་རྒྱུ་ཐག་བཅད།  ཐེངས་འདིའི་གཅིག་བསྡུས་གཙང་བཤེར་དེ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར། དངོས་འབེབས་བཅས་བྱེད་པ་དང་། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་ཏང་གི་སྲིད་ཇུས་ཀྱི་གཅིག་གྱུར་རང་བཞིན་དང་དབང་ཟིལ་རང་བཞིན་སྲུང་སྐྱོབ་བྱེད་པ། ཆ་ཚང་ཡིན་པའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་མ་ལག་མྱུར་དུ་གསར་སྐྲུན་བྱེད་པར་དོན་སྙིང་གལ་ཆེན་ལྡན།

ཀྲུང་དབྱང་གིས་མེད་པར་གཏོང་བའི་ཁྲིམས་སྲོལ་ཡིག་ཆ་དེ་ཁྱབ་སྒྲོག་བྱས་པའི་ཉིན་ནས་བཟུང་ལག་བསྟར་བྱེད་མཚམས་འཇོག་དགོས་པ་དང་། བཟོ་བཅོས་བྱེད་རྒྱུར་ཐག་བཅད་པའི་ཁྲིམས་སྲོལ་ཡིག་ཆར་ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱིས་བཟོ་བཅོས་བྱ་བ་མྱུར་དུ་དམ་འཛིན་བྱས་ཏེ། སྤུས་ཚད་དང་ཕན་འབྲས་མཐོ་བའི་སྒོ་ནས་བཟོ་བཅོས་ལས་འགན་ཡོངས་འགྲུབ་བྱེད་པ་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།