སྐབས་ལྔ་པའི་ཀྲུང་གོའི་གྲངས་འཛིན་དཔེ་ཀློག་ཚོགས་ཆེན་ཧང་ཀྲོའུ་རུ་འཚོགས་པ།

མི་དམངས་དྲ་བའི་འཕྲིན། ཟླ4བའི་ཚེས12ཉིན། སྐབས་ལྔ་པའི་ཀྲུང་གོའི་གྲངས་འཛིན་དཔེ་ཀློག་ཚོགས་ཆེན་ཧང་ཀྲོའུ་རུ་འཚོགས་ཤིང་། གསར་འགོད་པར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱི་གྲངས་འཛིན་དཔེ་ཀློག་མཁན་རིམ་བཞིན་ཇེ་མང་དུ་འགྲོ་བའི་རྣམ་པ་མངོན་ཡོད་པ་དང་། 2018ལོའི་བར་རང་རྒྱལ་གྱི་གྲངས་འཛིན་དཔེ་ཀློག་མཁན་དུང་ཕྱུར4.32ཟིན་ནས་མི་རེའི་ཆ་སྙོམས་གྲངས་འཛིན་དཔེ་དེབ་ཀློག་ཚད་དེབ12.4ཟིན་ཞིང་། མི་རེའི་ཆ་སྙོམས་དཔེ་ཀློག་བྱེད་ཐེངས་གཅིག་གི་དུས་ཚོད་སྐར་མ71.3ཟིན་ཡོད།

ཚོགས་ཆེན་གྱི་འགོ་ཚུགས་མཛད་སྒོའི་ཐོག ཀྲུང་གོའི་སྒྲ་བརྙན་དང་གྲངས་འཛིན་དཔེ་སྐྲུན་མཐུན་ཚོགས་ཀྱིས《2018ལོའི་ལོ་འཁོར་གྱི་ཀྲུང་གོའི་གྲངས་འཛིན་དཔེ་ཀློག་གི་རྒྱབ་ཤ་དཀར་པོའི་དེབ》འགྲེམས་སྤེལ་བྱས་ཤིང་། གྲངས་གཞི་ལས་མངོན་གསལ། 2018ལོའི་ཀྲུང་གོའི་གྲངས་འཛིན་དཔེ་ཀློག་ཁྲོམ་རའི་གཞི་ཁྱོན་སྒོར་དུང་ཕྱུར254.5ཟིན་པ་དེ་དུས་མཚུངས་ལས19.6%འཕར་བ་དང་། དེས་སྤྱི་དམངས་དཔེ་ཀློག་ཁྲོམ་རའི་གཞི་ཁྱོན་གྱི་བཅུ་ཆ་དགུ་ཙམ་བཟུང་སྟེ་ཐོན་ལས་འཕེལ་རྒྱས་གྱི་གཙོ་ཤུགས་སུ་གྱུར་ཡོད། གྲངས་གཞི་ལས་མངོན་གསལ། དཔེ་ཀློག་མཁན་གྱི་གྲོན་དངུལ་གཏོང་འདོད་མངོན་གསལ་དོད་དུ་ཕྱིན་ནས2018ལོར66.4%ཟིན་པ་དང་། གྲངས་འཛིན་དཔེ་ཀློག་མཁན70%ཙམ་གྱིས2018ལོའི་གྲངས་འཛིན་དཔེ་ཀློག་གི་ནང་དོན་ལེགས་སུ་ཕྱིན་པའི་ངོས་འཛིན་བྱེད་ཀྱི་ཡོད། གཞན་ཡང་བརྗོད་བྱའི་ཐད་རྣམ་པ་མང་བའི་དངོས་ཡོད་རིང་ལུགས་ཀྱི་ནང་དོན་ལ་དཔེ་ཀློག་མཁན་གྱི་དགའ་བསུ་ཆེན་པོ་ཐོབ་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།