ཙུང་ལི་ལིས་ཁི་ཆང་གིས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་ངོ་འཕྲད་གནང་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས15ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་གྲོལ་རྗེས་སུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཐོག་བརྩེགས་གསུམ་པའི་གསེར་འོད་ཚོམས་ཆེན་དུ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་བཅར་འདྲི་བྱས་པའི་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་ངོ་འཕྲད་བྱ་རྒྱུ་མ་ཟད། གསར་འགོད་པས་དྲིས་བའི་གནད་དོན་ལ་ལན་འདེབས་རྒྱུ་རེད།

སྐབས་དེར། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་ཙུང་ལི་ཡིས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་ངོ་འཕྲད་པའི་གནས་ཚུལ་ཡུལ་དངོས་ནས་ཐད་གཏོང་བྱ་རྒྱུ་དང་། ཀྲུང་དབྱང་གི་སྨྱན་བྱད་གཙོ་བོ་ཁག་གི་གསར་འགྱུར་དྲ་བ་དང་སྨྱན་བྱད་གསར་བའི་སྟེགས་བུ་སོགས་ནས་ཡུལ་དངོས་གནས་ཚུལ་དུས་ཐོག་ཏུ་སྤེལ་རྒྱུ་རེད།།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།