ཧན་ཀྲིན་ཨན་ཧུའེ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས།

 1124227037_15523981813421n.jpg

ཟླ3པའི་ཚེས12ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་ཨན་ཧུའེ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཐུས་མི་ལིས་ཅིན་པིན་དང་། ལིས་གོ་དབྱིན། ཡའོ་ཧྲུན་ཝུའུ་བཅས་ཀྱི་གཏམ་བཤད་ལ་ནན་ཏན་གྱིས་ཉན་རྗེས་ཧན་ཀྲིན་གྱིས་བསྟན་དོན། ཨན་ཧུའེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་མངགས་བཅོལ་སེམས་ལ་བརྟན་པོར་བཟུང་ནས། སྔར་ལས་ལྷག་པར་བསམ་བློ་བཅིངས་འགྲོལ་བྱ་རྒྱུ་དང་། དངོས་དོན་ནན་གྱིས་སྒྲུབ་ཏེ། གསར་གཏོད་ཡར་བརྩོན་གྱི་སྒོ་ནས་དབུས་རྒྱུད་དར་རྒྱས་འགྲོ་བའི་ཁྲོད་མདུན་ལམ་གསར་པ་བཏོད་དེ་མཛེས་སྡུག་ལྡན་པའི་མདུན་ལྗོངས་གསར་སྐྲུན་བྱེད་དགོས་ལ། གསར་གཏོད་སྐུལ་འདེད་ཀྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱེད་པར་ཤུགས་བསྣན་ནས། སྟོབས་ཤུགས་གཅིག་བསྡུས་ཀྱིས་ཚན་རྩལ་གྱི་འགག་སྒྲོལ་ལས་དོན་སྤེལ་ཏེ། ཤུགས་ཆེན་པོས་ལེགས་ཆའི་ཁྱབ་ཁོངས་སུ་གྲུབ་འབྲས་གསར་པ་ལེན་པར་བརྩོན་ལེན་བྱས་པ་བརྒྱུད། ཚན་རྩལ་གྲུབ་འབྲས་སུ་བསྒྱུརའགྱུར་ཚད་ཇེ་མགྱོགས་སུ་བཏང་ནས། དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། དེ་མིན་འབྲི་ཆུའི་ཟུར་གསུམ་ས་ཁོངས་གཞི་གཅིག་ཅན་གྱི་འཕེལ་རྒྱས་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་གོ་སྐབས་སུ་རིམ་སྤར་བྱེད་པར་དམ་འཛིན་བྱས་ཏེ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གོ་རིམ་ཁྲོད་རང་ཉིད་ཀྱི་འཕེལ་རྒྱས་ཆེན་པོ་མངོན་འགྱུར་བྱེད་དགོས་ཟེར།

དབྱང་ཅེ་ཁྲི་སོགས་ཐེངས་འདྲིའི་གྲོས་ཞིབ་ལ་ཞུགས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།