ཁྲིམས་འཛིན་པུས་དམངས་ལ་སྟབས་བདེ་སྐྲུན་ཆེད་དཔང་ཡིག་ཁག28མེད་པ་བཟོས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲིམས་འཛིན་པུས་ཉེ་ཆར་རིམ་པ་འདི་ག་དང་ས་གནས་ཀྱི་རིམ་ཁག་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་དུ་ལག་བསྟར་བྱེད་པའི་རིགས་ཁག་གི་དཔང་ཡིག་ཁྱོན་ཡོངས་ནས་གཙང་སེལ་བྱས་པ་བརྒྱུད་ཁྲིམས་འཛིན་པུའི་སྒྲིག་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆར་དམིགས་པའི་དཔང་ཡིག་ཁག28མེད་པ་བཟོས་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།

དཔང་ཡིག་ཁག་གཅིག་མེད་པ་བཟོ་རྒྱུ་ནི་མང་ཚོགས་དང་ཁེ་ལས་ཀྱིས་རེ་འདོད་ཆེན་པོ་བྱེད་པའི་བྱ་བ་ཞིག་རེད། ཁྲིམས་འཛིན་པུས་མི་དམངས་མང་ཚོགས་ཀྱིས་གླེང་མང་བའི་གནད་དོན་ལ་དམིགས་ཏེ་དཔང་ཡིག་མེད་པ་བཟོ་གང་ཐུབ་བྱེད་པ་དང་ལས་སྒྲུབ་གོ་རིམ་སྟབས་བདེ་རུ་བཏང་ནས《སྒྲིག་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆར་དམིགས་པའི་དཔང་ཡིག་ཁག་གཅིག་མེད་པ་བཟོ་རྒྱུའི་སྐོར་གྱི་ཁྲིམས་འཛིན་པུའི་གཏན་འབེབས》བཀྲམ་པ་རེད།

ཁྲིམས་འཛིན་པུའི་གཏན་འབེབས་ནང《ཁྲིམས་རྩོད་པའི་ལས་གཉེར་དོ་དམ་བྱ་ཐབས》སོགས་སྡེ་ཚན་གྱི་སྒྲིག་སྲོལ་ལ་དམིགས་པའི“རེ་འདུན་ཞུ་མཁན་གྱི་ལས་གཉེར་ལོ་རྒྱུས་དཔང་ཡིག”དང་། “ལས་གཉེར་ཉེན་ཁ་དང་བྱ་གཞག་འཕེལ་རྒྱས་སོགས་ཀྱི་ཐེབས་རྩ་བཙུགས་པའི་དཔང་ཡིག”སོགས་དཔང་ཡིག་ཁག20མེད་པ་བཟོས་ཡོད། གཞན་ཡང་ད་དུང《སྡེ་ཁུལ་ཡོ་བསྲང་གི་ལག་བསྟར་བྱ་ཐབས》སོགས་ཚད་ལྡན་རང་བཞིན་གྱི་ཡིག་ཆར་དམིགས་པའི“ཉེས་པ་བསགས་མྱོང་མེད་པའི་དཔང་ཡིག”དང“གོ་མིང་གི་དཔང་ཡིག”སོགས་དཔང་ཡིག་ཁག8མེད་པ་བཟོས་ཡོད།

གོམ་སྟབས་རྗེས་མར་ཁྲིམས་འཛིན་པུས་འབྲེལ་ཡོད་སྡེ་ཚན་གྱི་སྒྲིག་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་བཟོ་བཅོས་ལས་དོན་དུས་ཐོག་ཏུ་ཡག་པོ་སྒྲུབ་པ་དང་། དཔང་ཡིག་བརྡ་གཏོང་ཁས་ལེན་ལམ་ལུགས་ཁྱབ་གདལ་ཤུགས་ཆེན་གཏོང་བ། དཔང་ཡིག་ཉུང་དུ་བཏང་ནས་དམངས་ལ་སྟབས་བདེ་སྐྲུན་པ་དང་ཞབས་ཞུ་ལེགས་སུ་གཏོང་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། “གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བ་བཅས་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།