ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པེ་ཅིན་ནས་རྒྱལ་ཁབ་ཀྱི་ཚན་རྩལ་བྱ་དགའ་སྟེར་བའི་ཚོགས་ཆེན་གཟབ་རྒྱས་ངང་བསྡུས་པ་དང་ཞི་ཅིན་ཕིང་སོགས་ཀྱིས་བྱ་དགའ་ཐོབ་པའི་འཐུས་མི་ལ་བྱ་དགའ་གནང་།

20190109095806Z8a9.jpg

ཟླ1པོའི་ཚེས8ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པེ་ཅིན་ནས་རྒྱལ་ཁབ་ཀྱི་ཚན་རྩལ་བྱ་དགའ་སྟེར་བའི་ཚོགས་ཆེན་གཟབ་རྒྱས་ངང་བསྡུས།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2018ལོའི་རྒྱལ་ཁབ་ཀྱི་ཆེས་མཐོའི་ཚན་རྩལ་བྱ་དགའ་ཐོབ་པའི་ཧ་ཨར་པེན་བཟོ་ལས་སློབ་ཆེན་གྱི་ཡོན་ཧྲི་ལིག་ཡུང་ཐན་དང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་སྐམ་དམག་བཟོ་སྐྲུན་སློབ་ཆེན་གྱི་ཡོན་ཧྲི་ཆན་ཆི་ཧུའུ་གཉིས་ལ་བྱ་དགའི་རྟགས་མ་དང་དཔང་ཡིག་གནང་། 

20190109100032TgGS.jpg

བྱ་དགའ་སྟེར་བའི་ཚོགས་ཆེན་མ་ཚོགས་པའི་སྔོན་ལ། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་རྒྱལ་ཁབ་ཀྱི་ཚན་རྩལ་བྱ་དགའ་ཐོབ་པའི་འཐུས་མི་ལ་ཐུག་འཕྲད་བྱས་པར་མ་ཟད་ཚང་མ་དང་མཉམ་དུ་པར་བླངས་ནས་དྲན་རྟེན་དུ་བཞག

ཟླ1པོའི་ཚེས8ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པེ་ཅིན་ནས་རྒྱལ་ཁབ་ཀྱི་ཚན་རྩལ་བྱ་དགའ་སྟེར་བའི་ཚོགས་ཆེན་གཟབ་རྒྱས་ངང་བསྡུས། ཞི་ཅིན་ཕིང་དང་ལིས་ཁི་ཆང་། ཝང་ཧུའུ་ཉིང་། ཧན་ཀྲིན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་གྲོས་ཚོགས་བྱ་འགུལ་ལ་ཞུགས་ཤིང་། ཞི་ཅིན་ཕིང་སོགས་ཀྱིས་བྱ་དགའ་ཐོབ་པའི་འཐུས་མི་ལ་བྱ་དགའ་གནང་བ་དང་ལིས་ཁི་ཆང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་ཚོགས་ཆེན་སྟེང་གསུང་བཤད་གནང་ཞིང་ཧན་ཀྲིན་གྱིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་དེའི་སྔ་དྲོའི་དུས་ཚོད་བཅུ་དང་སྐར་མ་སུམ་ཅུའི་སྟེང་ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་དུ་དངོས་སུ་ཚོགས་འགོ་བརྩམས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐོག་མར་ཉིས་སྟོང་བཅོ་བརྒྱད་ལོའི་རྒྱལ་ཁབ་ཀྱི་ཆེས་མཐོའི་ཚན་རྩལ་བྱ་དགའ་ཐོབ་པའི་ཧ་ཨར་པེན་བཟོ་ལས་སློབ་ཆེན་གྱི་ཡོན་ཧྲི་ལིག་ཡུང་ཐན་དང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་སྐམ་དམག་བཟོ་སྐྲུན་སློབ་ཆེན་གྱི་ཡོན་ཧྲི་ཆན་ཆི་ཧུའུ་གཉིས་ལ་བྱ་དགའི་རྟགས་མ་དང་དཔང་ཡིག་གནང་བ་དང་ཁོ་ཚོར་ཕྱག་འཇུ་གནང་ཞོར་དུ་རྟེན་འབྲེལ་ཞུས་པར་མ་ཟད། ཁོ་ཚོ་ཀྲུའུ་ཞིའི་སྟེགས་བུའི་སྟེང་གདན་ཞུ་བྱས། དེར་མཐུད་ནས་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་བྱ་དགའ་དང་རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་བྱ་དགའ། རྒྱལ་ཁབ་ཀྱི་ཚན་རྩལ་ཡར་ཐོན་བྱ་དགའ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་བྱ་དགའ་ཐོབ་པའི་འཐུས་མི་ལ་བྱ་དགའི་དཔང་ཡིག་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་གསུང་བཤད་གནང་སྐབས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་བྱ་དགའ་ཐོབ་པའི་འཐུས་མི་ཡོངས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་རྣམས་ལ་བླ་མེད་གུས་འདུད་ཞུས་པར་མ་ཟད། ཀྲུང་གོའི་ཚན་རྩལ་ལས་དོན་ལ་རྒྱབ་སྐྱོར་དང་དེའི་ཁྲོད་དུ་ཞུགས་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་རྣམས་ལ་ལྷག་བསམ་རྣམ་དག་སྒོས་བཀའ་དྲིན་ཆེ་ཞུས།

ལིས་ཁི་ཆང་གིས་གསུངས་རྒྱུར། བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་བཞི་བཅུའི་རིང་ལ། རང་རྒྱལ་གྱི་ཚན་རྩལ་འཕེལ་རྒྱས་ཐད་ནས་ཀུན་གྱིས་ཡིད་སྨོན་བྱེད་པའི་རླབས་ཆེན་གྲུབ་འབྲས་བླངས་པ་དང་ཚན་རྩལ་འཕེལ་རྒྱས་ལོ་རྒྱུས་སྟེང་དུ་འོད་སྟོང་འབར་བའི་བྱས་རྗེས་བསྐྲུན་ཡོད། འདས་པའི་ལོ་གཅིག་གི་ནང་དུ་ཛ་དྲག་ཆེ་ཞིང་རྙོག་འཛིང་ལྡན་པའི་རྒྱལ་སྤྱིའི་གནས་བབ་དང་ལས་འགན་ལྕི་ཞིང་དཀའ་ཚེགས་ཆེ་བའི་བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་ལས་འགན་ལ་དམིགས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་སོང་བ་དང་། ཚན་རྩལ་གསར་སྐྲུན་ཐད་ནས་ཡང་བསྐྱར་ཕུལ་བྱུང་གྲུབ་འབྲས་བླངས་ཤིང་། སྒུལ་ནུས་གསར་བ་རྒྱུན་མཐུད་དང་མགྱོགས་མྱུར་སྒོས་འཕེལ་རྒྱས་བྱུང་། དེང་སྐབས་དཔལ་འབྱོར་བརྟན་བརླིང་སྒོས་འཁོར་སྐྱོད་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སྲུང་འཛིན་བྱེད་སྐབས་ངེས་པར་དུ་གསར་སྐྲུན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ་འཛམ་གླིང་གི་སྐོར་ཐེངས་གསར་བའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་སྒྱུར་བཅོས་ཀྱི་གནས་བབ་ཆེན་པོ་གསལ་བོར་ཤེས་པར་བྱེད་པ་དང་། འཐབ་ཇུས་གོ་སྐབས་གལ་ཆེན་གྱི་ནང་དོན་གསར་བ་དང་སྦྲེལ་ནས་གསར་སྐྲུན་འདེད་སྐུལ་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱེད་པ་དང་གསར་སྐྲུན་རང་བཞིན་གྱི་རྒྱལ་ཁབ་དང་འཛམ་གླིང་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་མྱུར་དུ་འཛུགས་སྐྲུན་བྱས་ནས། དཔལ་འབྱོར་གསར་སྐྲུན་ནུས་ཤུགས་དང་འགྲན་རྩོད་ནུས་ཤུགས་སྔར་ལས་ཇེ་ཆེར་གཏོང་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཚོགས་ཆེན་ལ་འགོ་འཛིན་མཛད་སྐབས་གསུངས་རྒྱུར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རང་རྒྱལ་གྱི་ཚན་རྩལ་ལས་དོན་འཕེལ་རྒྱས་ཁྲོད་དུ་ཕུལ་བྱུང་བྱས་རྗེས་བཞག་པའི་ཚན་རྩལ་བྱ་བ་སྒྲུབ་མཁན་ལ་བྱ་དགའ་གནང་བ་དེ་ལས་ཚན་རྩལ་ལས་དོན་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱས་པ་དང་རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་ལ་ཐུགས་ཁུར་ཆེན་པོ་གནང་བ་གང་ལེགས་སྒོས་མཚོན་ཡོད། རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་གྱིས་བྱ་དགའ་ཐོབ་མཁན་རྣམས་མིག་དཔེ་བྱས་ཏེ། འཛམ་གླིང་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འབད་འཐབ་དམིགས་འབེན་རྒྱུན་འཁྱོངས་བྱེད་པ་དང་། གསར་སྐྲུན་རྒྱུན་འཁྱོངས་བྱེད་པ་ནི་སྒུལ་ཤུགས་དང་པོའི་འདུ་ཤེས་ཡིན་ལ། ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་གཏོང་བ་དང་གནད་འགག་གི་སྲོག་ཤིང་ལག་རྩལ་རང་བདག་གསར་སྐྲུན་ཇེ་མགྱོགས་སུ་བཏང་ནས། ཚན་རྩལ་ཁྱབ་ཁོངས་གལ་ཆེན་དུ་སྔར་ལས་གྲུབ་འབྲས་གསར་བ་ལེན་པ་དང་སྔར་ལས་རིམ་པ་མཐོ་ཞིང་སྔར་ལས་ཁྱབ་ཁོངས་མང་པོ་ནས་ཚན་རྩལ་གསར་སྐྲུན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིག་ཧི་ཡིས་ཚོགས་ཐོག་ཏུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཉིས་སྟོང་བཅོ་བརྒྱད་ལོའི་རྒྱལ་ཁབ་ཀྱི་ཚན་རྩལ་བྱ་དགའ་སྟེར་བའི་སྐོར་གྱི་གཏན་འཁེལ་སྒྲོག་འདོན་བྱས་པ་དང་ལིག་ཡུང་ཐན་དང་ཆན་ཆི་ཧུའུ་གཉིས་ཀྱིས་བྱ་དགའ་ཐོབ་པའི་འཐུས་མི་ཡོངས་ཀྱི་ཚབ་བྱས་ཏེ་གཏམ་བཤད།

བྱ་དགའ་སྟེར་བའི་ཚོགས་ཆེན་མ་ཚོགས་པའི་སྔོན་ལ། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་རྒྱལ་ཁབ་ཀྱི་ཚན་རྩལ་བྱ་དགའ་ཐོབ་པའི་འཐུས་མི་ལ་ཐུག་འཕྲད་བྱས་པར་མ་ཟད་ཚང་མ་དང་མཉམ་དུ་པར་བླངས་ནས་དྲན་རྟེན་དུ་བཞག

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།