ཀྲུང་དབྱང་མི་རིགས་གླུ་གར་ཚོགས་པས་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ40འཁོར་བའི་རིག་རྩལ་འཁྲབ་སྟོན་གྱི་དགོང་ཚོགས་པེ་ཅིན་དུ་སྤེལ་བ།

F201812051422444726706955.jpg

ཟླ12པའི་ཚེས1དང་ཚེས2ཉིན། ཀྲུང་དབྱང་མི་རིགས་གླུ་གར་ཚོགས་པས་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ40འཁོར་བའི་རྗེས་དྲན་གྱི་རིག་རྩལ་དགོང་ཚོགས་པེ་ཅིང་མི་རིགས་ཟློས་གར་ཁང་དུ་སྤེལ་བ་རེད།

F201812051422525276706956.jpg

དགོངས་ཚོགས་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུན་སྟོན་བྱས་ཏེ། གླུ་དབྱངས་དང་ཞབས་བྲོ། རོལ་དབྱངས་སོགས་སྒྱུ་རྩལ་གྱི་རྣམ་པའི་སྒོ་ནས། སྒྱུར་བཅོས་སྒོ་འབྱེད་ཀྱི་རླབས་ཆེན་གྱི་བྱ་གཞག་དང་། མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་གསར་པ། ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་ལེགས་འགྲུབ་བཅས་ལ་བསྟོད་གླུ་ལེན་པ་བརྒྱུད་དེ། མི་རིགས་ཁག་གི་བར་ལ་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་བྱེད་པར་ཡར་སྐུལ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་འདུ་ཤེས་སྲ་བརྟན་གཏོང་བར་བསམ་པའི་སྒུལ་ཤུགས་སྟོབས་ལྡན་མཁོ་འདོན་བྱས་པ་རེད། 

F201812051422113486706953.jpg

དགོང་ཚོགས་ནི་སྒྱུ་རྩལ་གྱི་རྣམ་པའི་སྒོ་ནས་སྒྱུར་བཅོས་སྒོ་འབྱེད་ཀྱི་རླབས་ཆེན་གྱི་འཐབ་ལམ་དང་། མི་རིགས་ཁག་གི་མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་མ་འོངས་པའི་འཚོ་བའི་ཆེད་དུ་འབད་པ་ལྷད་མེད་བྱེད་པའི་དུས་རབས་ཀྱི་སྙིང་སྟོབས་ལ་བསྟོད་གླུ་བླངས་ནས། ངོ་མཚར་ལྟ་ན་སྡུག་པའི་མི་རིགས་སྒྱུ་རྩལ་གྱི་ཉམས་འགྱུར་དང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཁྲོད་དུ། རྒྱ་ཆེའི་མང་ཚོགས་ཀྱིས་སྒྱུར་བཅོས་ཀྱི་དད་སེམས་བརྟན་དུ་གཏོང་བ་དང་མདུན་སྐྱོད་ཀྱི་སྟོབས་ཤུགས་གསོག་འཇོག་བྱེད་དུ་བཅུག  

F201812051422228116706954.jpg

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།