ཞི་ཅིན་ཕིང་ལི་སི་པིན་ལ་ཐོན་ནས་ལི་སི་པིན་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་འགོ་བརྩམས།

1.jpg

ས་དེའི་དུས་ཚོད་ཟླ་བཅུ་གཉིས་པའི་ཚེས་བཞིའི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལི་སི་པིན་ལ་ཐོན་ནས་ཕུའུ་ཐོ་ཡ་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་འགོ་བརྩམས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ས་དེའི་དུས་ཚོད་ཟླ་བཅུ་གཉིས་པའི་ཚེས་བཞིའི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལི་སི་པིན་ལ་ཐོན་ནས་ཕུའུ་ཐོ་ཡ་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་འགོ་བརྩམས།

ས་དེའི་དུས་ཚོད་ཟླ་བཅུ་གཉིས་པའི་ཚེས་བཞིའི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལི་སི་པིན་ལ་ཐོན་ནས་ཕུའུ་ཐོ་ཡ་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་འགོ་བརྩམས། ཞི་ཅིན་ཕིང་བཞུགས་པའི་ཆེད་བཏང་གནམ་གྲུ་ཕུའུ་ཐོ་ཡའི་མཁའ་ཁོངས་བརྒྱུད་སྐབས་ཕུའུ་ཐོ་ཡའི་མཁའ་དམག་གི་འཐབ་འཛིང་གནམ་གྲུ་གཉིས་ཀྱིས་བར་སྣང་ནས་སྲུང་སྐྱོབ་བྱས། ས་དེའི་སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་ཉི་ཤུ་ཡས་མས་སུ་ཆེད་བཏང་གནམ་གྲུ་ལི་སི་པིན་རྒྱལ་སྤྱིའི་གནམ་གྲུ་ཐང་ལ་ཐོན། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལི་ཡོན་གཉིས་དལ་མོར་གནམ་གྲུའི་འབུད་སྒོ་ལས་ཕྱིར་བུད་པ་ན་ཕུའུ་ཐོ་ཡའི་ཕྱི་འབྲེལ་པུའུ་ཀྲང་ཞི་ཨར་ཝ་སོགས་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཀྱིས་གནམ་གྲུའི་སྐས་རྐང་གི་ལོག་གཉིས་ནས་ལྷག་བསམ་འཁོལ་བའི་བསུ་མ་བྱས། ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་བཅས་ཀྱི་ཚབ་བྱས་ཏེ། ཕུའུ་ཐོ་ཡ་སྲིད་གཞུང་དང་མི་དམངས་སེམས་གཏིང་ནས་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས། 

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཕུའུ་ཐོ་ཡ་གཉིས་ནི་སྲོལ་རྒྱུན་མཛའ་མཐུན་གྱི་རྒྱལ་ཁབ་ཡིན་ལ། ཕྱོགས་གཉིས་ཀྱི་འབྲེལ་བ་ནི་ལོ་རྒྱུས་བརྒྱུད་ནས་ཐོན་པ་དང་། དུས་ཚོད་དང་རྒྱལ་སྤྱིའི་འགྱུར་ལྡོག་སྣ་ཚོགས་ཀྱི་ཉམས་སེད་ཐེག་པར་བྱས་ཏེ། སྔར་ལས་དར་སྤེལ་དང་སྲ་བརྟན་དུ་གྱུར་ཡོད། ཀྲུང་གོ་དང་ཕུའུ་ཐོ་ཡའི་འབྲེལ་བ་ནི་ཕན་ཚུན་ལ་ཡིད་ཆེས་བྱེད་པ་ནས་འཕེལ་རྒྱས་སུ་སོང་བ་ཞིག་ཡིན་ལ། གཅིག་སྟོང་དགུ་བརྒྱ་གོ་དགུ་ལོར་རྒྱལ་ཁབ་གཉིས་ཀྱིས་མཛའ་མཐུན་གྱི་གྲོས་མོལ་བརྒྱུད་ནས་ཨོ་མིན་གནད་དོན་ཐག་གཅོད་ལེགས་པོ་བྱས་ཏེ། རྒྱལ་ཁབ་དང་རྒྱལ་ཁབ་བར་དུ་ལོ་རྒྱུས་ཀྱིས་བཞག་པའི་གནད་དོན་ཐག་གཅོད་བྱེད་པར་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཡག་པོ་ཞིག་བཏོན་ཡོད། ཀྲུང་གོ་དང་ཕུའུ་ཐོ་ཡའི་འབྲེལ་བ་ནི་མཉམ་ལས་བརྒྱུད་ནས་འཕེལ་རྒྱས་སུ་སོང་བ་ཞིག་ཡིན། ཉིས་སྟོང་ལྔ་ལོར་རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ནས་འཐབ་ཇུས་མཉམ་ལས་ཀྱི་གྲོགས་པོའི་འབྲེལ་བ་བཙུགས་པར་མ་ཟད། གཉིས་ཕན་མཉམ་ལས་དེ་མགྱོགས་མྱུར་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་ཞུགས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དངོས་གཉེར་བདེན་དོན་གྱི་ཕན་ཁེ་བསྐྲུན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། སང་ལོ་ནི་ཀྲུང་གོ་དང་ཕུའུ་ཐོ་ཡའི་བར་ལ་འབྲེལ་བ་བཙུགས་ནས་ལོ་ངོ་བཞི་བཅུ་ལོན་པའི་ལོ་རེད། འདི་ནི་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་བ་ཞིག་རེད།  བདག་གིས་ཙུང་ཐུང་ཏི་སུའུ་ས་དང་ཙུང་ལི་ཁི་སི་ཐ་སོགས་ཕུའུ་ཐོ་ཡའི་འགོ་ཁྲིད་པ་དང་མཉམ་དུ་གྲོས་མོལ་དང་མཇལ་འཕྲད་གནང་སྟེ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི་མ་འོངས་པའི་འཕེལ་རྒྱས་ལ་འཆར་འགོད་བྱེད་པར་རེ་སྒུག་བྱེད་བཞིན་ཡོད་ཟེར། 

ཏེན་ཞེའོ་ཞང་། དབྱང་ཅེ་ཁྲི། ཝང་དབྱི། ཧི་ལི་ཧྥིན་སོགས་ཕེབས་རོགས་མི་སྣ་རྣམས་མཉམ་དུ་གནམ་གྲུ་ཐང་ལ་ཐོན། ཕུའུ་ཐོ་ཡར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཚེ་རོང་གིས་ཀྱང་གནམ་གྲུ་ཐང་ནས་བསུ་མ་བྱས།།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།