ཞི་ཅིན་ཕིང་གིས་ཕུའུ་ཐའོ་ཡའི་ཙུང་ཐུང་ཏི་སོ་ས་དང་གྲོས་མོལ་མཛད།

1.jpg

ས་དེའི་ཚེས་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕུའུ་ཐའོ་ཡའི་ཙུང་ཐུང་བཞུགས་ཤག་ནས་ཕུའུ་ཐའོ་ཡའི་ཙུང་ཐུང་ཏི་སོ་ས་དང་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ས་དེའི་ཚེས་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕུའུ་ཐའོ་ཡའི་ཙུང་ཐུང་བཞུགས་ཤག་ནས་ཕུའུ་ཐའོ་ཡའི་ཙུང་ཐུང་ཏི་སོ་ས་དང་གྲོས་མོལ་མཛད།

ས་དེའི་ཚེས་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕུའུ་ཐའོ་ཡའི་ཙུང་ཐུང་བཞུགས་ཤག་ནས་ཕུའུ་ཐའོ་ཡའི་ཙུང་ཐུང་ཏི་སོ་ས་དང་གྲོས་མོལ་མཛད།

ཞི་ཅིན་ཕིང་གིས་གསུངས་རྒྱུར། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་སོ་དགུའི་རིང་ལ། ཕྱོགས་གཉིས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཕན་ཚུན་ལ་རྒྱུས་ལོན་དང་ཕན་ཚུན་ལ་བརྩི་འཇོག ཕན་ཚུན་ལ་ཡིད་ཆེས་བྱས་པ་དང་གཉིས་ཕན་མཉམ་ལས་རྒྱ་ཆེར་སྤེལ་བར་མ་ཟད། ཕྱོགས་གཉིས་ཀྱི་འབྲེལ་བས་རྒྱལ་སྤྱིའི་ནམ་ཟླའི་འགྱུར་ལྡོག་སྣ་ཚོགས་ལ་ཉམས་སད་ཐེག་པ་དང་བརྟན་འཇགས་ངང་འཕེལ་རྒྱས་བྱུང་། ཕྱོགས་གཉིས་ཀྱིས་མཐོ་རིམ་འགོ་ཁྲིད་པའི་བར་གྱི་འགྲོ་འོང་དང་འབྲེལ་འདྲིས་ལ་ཤུགས་སྣོན་དགོས་པ་དང་། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་ཁྲིམས་འཛུགས་ལས་ཁུངས། སྲིད་ཏང་། ས་གནས། དམངས་ཁྲོད་བཅས་བར་གྱི་བརྗེ་རེས་རྒྱ་བསྐྱེད་ཅིང་ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་བཏང་ནས་རྒྱལ་ཁབ་གཉིས་བར་གྱི་མཛའ་མཐུན་ཆབ་སྲིད་རྨང་གཞི་སྲ་བརྟན་དུ་གཏོང་དགོས། རྒྱལ་ཁབ་གཉིས་ཀྱིས་ཕྱོགས་མང་མཐུན་སྦྱོར་ལ་ཤུགས་སྣོན་ཞིང་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་གལ་ཆེན་ཐད་ནས་འབྲེལ་འདྲིས་དང་གཞོགས་འདེགས་དམ་པོ་བྱས་ཏེ། ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་མཉམ་སྲུང་བྱེད་དགོས་ཟེར།

ཏི་སོ་ས་ཡིས་བཤད་རྒྱུར། ཕུའུ་ཐའོ་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་བར་གྱི་འགྲོ་འོང་ལ་ཡུན་རིང་ལོ་རྒྱུས་ལྡན་པ་དང་ཕན་ཚུན་བར་ལ་རྒྱུས་ལོན་ཟབ་མོ་བྱས་པ་ནི་ང་ཚོ་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་ཡིན། ཕུའུ་ཐའོ་ཡ་དང་ཀྲུང་གོས་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་འཛིན་པའི་ལངས་ཕྱོགས་གཅིག་འདྲ་ཡིན་པས། ཕྱོགས་གཉིས་ཀྱིས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་དང་ཕྱོགས་གཅིག་རིང་ལུགས་ལ་ངོ་རྒོལ་བྱེད་པ་དང་། རང་མོས་ཉོ་ཚོང་ལ་རྒྱབ་སྐྱོར་དང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱེད་པར་མ་ཟད། ཕྱོགས་མང་སྒྲིག་གཞིའི་མཐུན་སྦྱོར་ལ་ཤུགས་སྣོན་བཞིན་ཡོད། ཕུའུ་ཐའོ་ཡ་ཕྱོགས་ཀྱིས་ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བར་ཤུགས་སྣོན་པར་རྒྱབ་སྐྱོར་བྱེད་པར་མ་ཟད་མུ་མཐུད་དུ་ཀྲུང་གོ་དང་མཉམ་ལས་བཟང་བོ་བྱེད་འདོད་ཡོད་ཟེར།

གྲོས་མོལ་མ་མཛད་པའི་སྔོན་ལ། ཕུའུ་ཐའོ་ཡའི་ཙུང་ཐུང་ཏི་སོ་ས་ཡིས་ཕུའུ་ཐའོ་ཡའི་རྒྱལ་ས་ལིས་སི་པིན་གྱི་ཏིས་གོ་ཐང་ཆེན་དུ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་ཏེ་ཞི་ཅིན་ཕིང་ཕུའུ་ཐའོ་ཡར་རྒྱལ་དོན་འཚམས་འདྲིར་ཕེབས་པར་བསུ་མ་བྱས།།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།