ཞི་ཅིན་ཕིང་གིས་ཕ་ན་མའི་རྒྱལ་དམངས་ཚོགས་ཆེན་གྱི་ཀྲུའུ་ཞི་ཨ་ཧྥུའུ་ལེ་ཀི་ལ་མཇལ་འཕྲད་གནང་།

1.jpg

 ས་དེའི་ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་ན་མ་གྲོང་ཁྱེར་ནས་ཕ་ན་མའི་རྒྱལ་དམངས་ཚོགས་ཆེན་གྱི་ཀྲུའུ་ཞི་ཨ་ཧྥུའུ་ལེ་ཀི་ལ་མཇལ་འཕྲད་གནང་། ཕ་ན་མའི་ཏང་ཁག་གཙོ་བོའི་འགན་ཁུར་པ་མཇལ་འཕྲད་ལ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་ན་མ་གྲོང་ཁྱེར་ནས་ཕ་ན་མའི་རྒྱལ་དམངས་ཚོགས་ཆེན་གྱི་ཀྲུའུ་ཞི་ཨ་ཧྥུའུ་ལེ་ཀི་ལ་མཇལ་འཕྲད་གནང་། ཕ་ན་མའི་ཏང་ཁག་གཙོ་བོའི་འགན་ཁུར་པ་མཇལ་འཕྲད་ལ་ཞུགས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཕ་ན་མའི་བར་འབྲེལ་བ་བཙུགས་པ་ནི་དུས་གཏན་དུ་ཕན་པའི་བྱ་གཞག་ཅིག་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་པ་དེར། ཀྲུང་གོ་དང་ཕ་ན་མའི་བར་འབྲེལ་བ་བཙུགས་ནས་དུས་ཡུན་ཐུང་ཐུང་ལོ་གཅིག་དང་ཕྱེད་ཀའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི་གོང་འཕེལ་ཆེན་པོ་དང་གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་བདེན་དཔང་བྱས་ཡོད། ཀྲུང་གོས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཕ་ན་མ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གོང་འཕེལ་དུ་གཏོང་བར་འབད་བརྩོན་བྱེད་འདོད་ཡོད་ལ། ཀྲུང་གོ་དང་ཕ་ན་མའི་མཛའ་མཐུན་མཉམ་ལས་དེ་མི་རབས་ནས་མི་རབས་བར་རྒྱུན་འཁྱོངས་བྱེད་ཐུབ་པར་ཡིད་ཆེས་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཕ་ན་མའི་རྒྱལ་དམངས་ཚོགས་ཆེན་དང་ལྕམ་ཀྲུའུ་ཞིས་ཀྲུང་གོ་དང་ཕ་ན་མའི་བར་འབྲེལ་བ་འཛུགས་པར་རྒྱབ་སྐྱོར་བྱས་པ་དང་། འབྲེལ་བ་བཙུགས་ནས་ཅང་མ་འགོར་བར་ཕ་ན་མའི་རྒྱལ་དམངས་ཚོགས་ཆེན་གྱིས་ཕ་ན་མ་དང་ཀྲུང་གོའི་མཛའ་མཐུན་ཚན་ཆུང་བཙུགས་པས། ངས་དེར་གཟེངས་བསྟོད་བྱེད་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་ཀྲུང་གོ་དང་ཕ་ན་མའི་འབྲེལ་བའི་ཁྲོད་དུ་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་དགོས། ཀྲུང་གོས་ཕ་ན་མའི་རྒྱལ་དམངས་ཚོགས་ཆེན་དང་ཏང་ཁག་སོ་སོ། སྤྱི་ཚོགས་ལས་རིགས་སོ་སོའི་གྲོགས་པོ་བཅས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཕ་ན་མའི་མཛའ་མཐུན་མཉམ་ལས་ལས་དོན་རྒྱུན་ཆད་མེད་པར་གོང་འཕེལ་དུ་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱས་ཏེ་རྒྱུས་ལོན་ཇེ་ཟབ་དང་ཡིད་ཆེས་ཇེ་ཆེར་བཏང་སྟེ། ཕན་ཚུན་གྱི་སྲོག་ཤིང་གི་ཁེ་ཕན་དང་དོ་སྣང་ཆེན་པོ་བྱེད་པའི་གནད་དོན་ཐད་ནས་ཕུན་ཚུན་ལ་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་སྐྱོང་སྲིད་འཛིན་དང་ཁྲིམས་འཛུགས་ཀྱི་ཉམས་མྱོང་བརྗེ་རེས་མང་ཙམ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་བཅའ་ཁྲིམས་ཀྱི་འགན་སྲུང་དང་སྟབས་བདེའི་ཞབས་ཞུ་འདོན་སྤྲོད་བྱེད་དགོས། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་ཕ་ན་མའི་རྒྱལ་དམངས་ཚོགས་ཆེན། ད་དུང་དེའི་མཛའ་མཐུན་ཚན་ཆུང་བཅས་བར་དུ་འགྲོ་འོང་རྣམ་པ་སྣ་ཚོགས་སྤེལ་དགོས། ཕ་ན་མ་རུ་ཡོད་པའི་ཀྲུང་གོ་པ་འབུམ་གཉིས་དང་ཁྲི་བརྒྱད་ཙམ་གྱི་སྐུལ་ཁྲིད་ནུས་པ་བཟང་པོར་བཏོན་ནས། ཀྲུང་གོ་དང་ཕ་ན་མའི་འབྲེལ་བ་ཡུན་རིང་པོར་གོང་འཕེལ་འགྲོ་བར་དམངས་བློའི་རྨང་གཞི་བརྟན་པོ་འདིང་དགོས་ཟེར།

ཨ་ཧྥུའུ་ལེ་ཀི་ཡིས་བསྟན་དོན། ཕ་ན་མའི་ལས་རིགས་སོ་སོས་ཀྲུའུ་ཞི་ཞི་ཅིན་ཕིང་ཕ་ན་མར་འཚམས་འདྲིར་ཐོན་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུ་བཞིན་ཡོད། དུས་རབས་བཅུ་དགུ་པའི་དཀྱིལ་དུ་ཀྲུང་གོ་པ་སྐོར་དང་པོ་ཕ་ན་མར་ཐོན་ནས་ལྕགས་ལམ་འཛུགས་སྐྲུན་ཁྲོད་ཞུགས་པའི་རྗེས་སུ། ཀྲུང་གོ་པས་ཕ་ན་མའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་དུ་ནུས་པ་གལ་ཆེན་འདོན་བཞིན་ཡོད། ཕ་ན་དང་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་པ་ནི་ཕ་ན་མའི་ཏང་ཁག་སོ་སོའི་ཐུན་མོང་གི་ལྟ་བ་ཡིན་ལ། དེས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་བར་སྟོང་སྔར་ལས་ཡངས་པོ་བཏོད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཐེངས་འདིའི་འཚམས་འདྲི་གལ་ཆེན་ལས་ཕ་ན་མ་དང་ཀྲུང་གོའི་འབྲེལ་བ་སྔར་ལས་སྲ་བརྟན་དང་གོང་འཕེལ་དུ་གཏོང་ཐུབ་པར་ཡིད་ཆེས་ཡོད། ཕ་ན་མའི་རྒྱལ་དམངས་ཚོགས་ཆེན་གྱིས་ཀྲུང་གོའི་བར་གྱི་འགྲོ་འོང་ཇེ་མང་དུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་ལ་ཡར་སྐུལ་བྱེད་པར་བྱས་རྗེས་འཇོག་འདོད་ཡོད་ཟེར།

ཏེན་ཞུའེ་ཞང་དང་དབྱང་ཅེ་ཁྲི། ཝང་དབྱི། ཧི་ལིས་ཧྥེང་སོགས་མཇལ་འཕྲད་ལ་ཞུགས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།