ཝང་དབྱང་གིས་ཨ་ཧྥེ་རི་ཁ་གླིང་གི་དཔལ་འབྱོར་སྤྱི་ཚོགས་ལས་འཛིན་ཚོགས་པའི་མནའ་འབྲེལ་གྱི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

1123673500_15415114596431n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས6ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་པེ་ཅིན་ནས་ཨ་ཧྥེ་རི་ཁ་གླིང་གི་དཔལ་འབྱོར་སྤྱི་ཚོགས་ལས་འཛིན་ཚོགས་པའི་མནའ་འབྲེལ་གྱི་ཀྲུའུ་ཞི། མཱ་ལེའི་དཔལ་འབྱོར་སྤྱི་ཚོགས་ལས་འཛིན་ཚོགས་པའི་ཀྲུའུ་ཞི་ཧེ་ཏི་ལཱ་ཡིས་ཁྲིད་པའི་ཨ་ཧྥེ་རི་ཁ་གླིང་གི་དཔལ་འབྱོར་སྤྱི་ཚོགས་ལས་འཛིན་ཚོགས་པའི་མནའ་འབྲེལ་གྱི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚེས་དྲུག་ཉིན་པེ་ཅིན་ནས་ཨ་ཧྥེ་རི་ཁ་གླིང་གི་དཔལ་འབྱོར་སྤྱི་ཚོགས་ལས་འཛིན་ཚོགས་པའི་མནའ་འབྲེལ་གྱི་ཀྲུའུ་ཞི། མཱ་ལེའི་དཔལ་འབྱོར་སྤྱི་ཚོགས་ལས་འཛིན་ཚོགས་པའི་ཀྲུའུ་ཞི་ཧེ་ཏི་ལཱ་ཡིས་ཁྲིད་པའི་ཨ་ཧྥེ་རི་ཁ་གླིང་གི་དཔལ་འབྱོར་སྤྱི་ཚོགས་ལས་འཛིན་ཚོགས་པའི་མནའ་འབྲེལ་གྱི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཝང་དབྱང་གིས་གསུངས་རྒྱུར། ད་ལོའི་ཟླ་དགུ་པར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་མཐོ་རིམ་གྲོས་ཚོགས་ཕུན་སུམ་ཚོགས་པར་བསྡུས་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་འབྲེལ་བའི་འཕེལ་རྒྱས་དེ་དུས་རབས་གསར་པར་སྐྱོད་པར་ཁྲིད་སྟོན་བྱས། ཀྲུང་གོས་མུ་མཐུད་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་བློ་དཀར་གཞུང་དྲང་གི་འདུ་ཤེས་རྣལ་མ་དང་དྲང་བདེན་ཁེ་ཕན་གྱི་ལྟ་བ་ཡང་དག་ལྟར། ཨ་ཧྥེ་རི་ཁ་ཕྱོགས་དང་མཉམ་དུ། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་ཀྱི་རྩ་དོན་གཞིར་བཟུང་སྟེ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་མཉམ་ལས་སྤེལ་བ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་མཐོ་རིམ་གྲོས་ཚོགས་ཀྱི་གྲུབ་འབྲས་ཨ་ཧྥེ་རི་ཁ་ནས་མྱུར་དུ་དངོས་འབེབས་བྱས་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་པའི་ཐུན་མོང་ཚོགས་པའི་རྨང་གཞི་སྲ་བརྟན་དུ་གཏོང་རྒྱུ་ཡིན། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་ལས་འཛིན་ཚོགས་པ་དང་ཨ་ཧྥེ་རི་ཁའི་དཔལ་འབྱོར་དང་སྤྱི་ཚོགས་ལས་འཛིན་ཚོགས་པའི་མནའ་འབྲེལ་བར་དང་། ད་དུང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་བར་གྱི་མཉམ་ལས་ཟབ་མོ་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་གོང་འཕེལ་ལ་གཏོང་རྒྱུ་ཡིན་ཟེར།

ཧེ་ཏི་ལཱ་ཡིས་བསྟན་དོན། དཔལ་འབྱོར་དང་སྤྱི་ཚོགས་ལས་འཛིན་ཚོགས་པའི་ཟམ་པ་དང་སྦྲེལ་ཐག་ལྟ་བུའི་ནུས་པ་སྔར་ལས་བཟང་པོར་བཏོན་ནས། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བར་ནུས་པ་ལེགས་པོ་འདོན་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།