ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་ཚན་རིག་རྩ་འཛུགས་མནའ་འབྲེལ་དབུ་བརྙེས་པའི་ཚོགས་ཆེན་དང་རྒྱུད་གཅིག་ལམ་གཅིག་ཚན་རྩལ་གསར་སྐྲུན་གྱི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པ་པེ་ཅིན་ནས་བསྡུས་པར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བསྐུར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ11པའི་ཚེས4ཉིན། རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་ཚན་རིག་རྩ་འཛུགས་མནའ་འབྲེལ་དབུ་བརྙེས་པའི་ཚོགས་ཆེན་དང་རྒྱུད་གཅིག་ལམ་གཅིག་ཚན་རྩལ་གསར་སྐྲུན་གྱི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པ་པེ་ཅིན་ནས་བསྡུས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན།  རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པར་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་ཡོངས་ཁྱབ་ཀྱིས་དགའ་བསུ་ཐོབ་ཡོད་པ་དང་། འབྲེལ་ཡོད་རྒྱལ་ཁབ་བར་དུ་ཚན་རྩལ་མཉམ་ལས་བྱ་བ་ནི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་ནང་དོན་གལ་ཆེན་ཞིག་ཡིན་པར་མ་ཟད། དམངས་ཚིས་ལེགས་བཅོས་དང་འཕེལ་རྒྱས་ལ་ཡར་སྐུལ། ཐུན་མོང་གི་འགྲན་རྩོད་ལ་ཁ་གཏད་འཇལ་བ་སོགས་ཀྱི་ཕྱོགས་སུ་ཧུར་བརྩོན་གྱི་ནུས་པ་ཆེན་པོ་ཐོན་ཡོད།  རེ་བ་ནི་རྒྱལ་ཁབ་སོ་སོའི་ཚན་རིག་པའི་སྡེ་ཡིས་དཔུང་བ་མཉམ་གཤིབ་དང་འབད་བརྩོན་ལྷོད་མེད་བྱས་ཏེ།  རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་ཚན་རིག་རྩ་འཛུགས་མནའ་མཐུན་གྱི་སྟེགས་བུའི་ནུས་པ་འདོན་སྤེལ་བཟང་བོ་བྱ་དགོས།  ཚན་རྩལ་གསར་སྐྲུན་གྱི་སྲིད་ཇུས་དང་འཕེལ་རྒྱས་འཐབ་ཇུས་གཉིས་ཀྱི་འབྲེལ་མཐུད་ལ་ཤུགས་སྣོན་བྱས་ཏེ།  ཚན་རྩལ་མཉམ་ལས་གལ་ཆེན་སྤེལ་བ་དང་།  གསར་སྐྲུན་ལས་སྐྲུན་གྱི་འཇོན་མི་སྐྱེད་བསྲིང་བྱེད་པ།   ཚན་རྩལ་གསར་སྐྲུན་གྱི་ནུས་ཤུགས་མཐོར་འདེགས་སུ་གཏོང་བ་བཅས་བྱས་ནས།  དམངས་སེམས་གཅིག་མཐུན་དང་དཔལ་འབྱོར་སྤྱི་ཚོགས་རྒྱུན་བསྲིངས་འཕེལ་རྒྱས་ལ་ཡར་སྐུལ་དང་ལྗང་མདོག་གི་བགྲོད་ལམ་དང་གསར་སྐྲུན་བགྲོད་ལམ་ལ་སྐུལ་འདེད་གཏོང་དགོས་པ་དང་། མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་གསར་འཛུགས་བྱེད་པར་བྱས་རྗེས་གལ་ཆེན་འཇོག་དགོས།


རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།