ལིས་ཁི་ཆང་གིས་ཨན་ཀོ་ལའི་ཙུང་ཐུང་ལོ་ལུན་སོ་ལ་མཇལ་འཕྲད་གནང་།

20181010090808ZSYW.jpg

ཟླ་བཅུ་བའི་ཚེས་དགུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨན་ཀོ་ལའི་ཙུང་ཐུང་ལོ་ལུན་སོ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10བའི་ཚེས9ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨན་ཀོ་ལའི་ཙུང་ཐུང་ལོ་ལུན་སོ་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཨན་ཀོ་ལའི་བར་དུ་དངོས་གཉེར་མཉམ་ལས་ཀྱི་མདུན་ལྗོངས་རྒྱ་ཆེན་པོ་ཡོད། ཕྱོགས་གཉིས་ཀྱིས་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་དགོས་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་མཐོ་རིམ་གྲོས་ཚོགས་ཀྱི་གྲུབ་འབྲས་དངོས་འབེབས་བཟང་བོ་བྱེད་དགོས་ལ། མཉམ་ལས་ཀྱི་རྣམ་པ་གསར་སྐྲུན་བྱེད་པ་དང་དངུལ་གཏོང་སྲུང་སྐྱོབ་གྲོས་མཐུན་མྱུར་དུ་བཀོད་དེ་ཁྱབ་ཁོངས་གཙོ་བོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། དམངས་གཉེར་ཁེ་ལས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པར་མ་ཟད་ཀྲུང་གོ་དང་ཨན་ཀོ་ལའི་གཉིས་ཕན་མཉམ་ལས་ཀྱི་རིམ་འཕར་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཨན་ཀོ་ལར་སོང་ནས་མ་དངུལ་གཏོང་བར་སྐུལ་མ་གཏོང་བ་དང་ཨན་ཀོ་ལ་ཕྱོགས་ཀྱིས་ཚོང་གཉེར་སྟབས་བདེ་འདོན་སྤྲོད་བྱེད་དགོས་པར་མ་ཟད་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཀྲུང་གོའི་སྤྱི་དམངས་ཀྱི་བདེ་འཇགས་འགན་སྲུང་བྱེད་དགོས་ཟེར།

ལོ་ལུན་སོ་ཡིས་བཤད་རྒྱུར། ཨན་ཀོ་ལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་པ་དང་། ཀྲུང་གོའི་ཁེ་ལས་ལ་ཁོར་ཡུག་བཟང་བོ་ཞིག་འདོན་སྤྲོད་བྱེད་ངེས་ཡིན་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།