ད་ལོའི་ལོ་སྟོད་ཀྱི་རང་རྒྱལ་འཕྲུལ་ཆས་བཟོ་ལས་ཀྱི་འཁོར་སྐྱོད་བརྟན་པོ་ཡིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་འཕྲུལ་ཆས་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤེལ་བའི་གྲངས་གཞི་ལས་མངོན་པར། ད་ལོའི་ལོ་སྟོད་ཀྱི་རང་རྒྱལ་གྱི་འཕྲུལ་ཆས་བཟོ་ལས་འཁོར་སྐྱོད་དེ་བརྟན་པོའི་ཁྲོད་གོང་འཕེལ་ལེགས་པོ་དང་སྲ་བརྟན་ཐུབ་པ་དང་། གཙོ་གཟུགས་དཔལ་འབྱོར་དམིགས་ཚད་གྱི་འཕར་སྣོན་འགྲོ་ཚད་དེ་རྒྱལ་ཡོངས་བཟོ་ལས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒལ་ཡོད་པ་རེད། 

ད་ལོའི་འཕྲུལ་ཆས་བཟོ་ལས་འཕར་སྣོན་འགྲོ་ཚད་དེ་ཟླ་རེ་བཞིན་གོང་མཐོར་ཕྱིན་ནས། ད་ལོའི་ལོ་སྟོད་ཀྱི་འཕར་ཚད8.4%ཟིན་ཡོད་པ་རེད། མ་གཞི་འཕར་ཚད་དེ་ལོ་གོང་མའི་དུས་མཚུངས་དང་བསྡུར་ན་དམའ་བ་ཡོད། ཡིན་ནའང་། ཁག་སོ་སོར་དུས་མཚུངས་ཀྱི་རྒྱལ་ཡོངས་བཟོ་ལས་དང་བཟོ་སྐྲུན་ལས་རིགས་ལས་བརྒྱ་ཆའི་ཆ1.7དང་བརྒྱ་ཆའི་ཆ1.5མཐོ་ཡོད། ལོ་གཉིས་རིང་གི་གོང་འཕེལ་འགྲོ་དཀའ་བའི་དུས་རིམ་བརྒྱུད་རྗེས། ད་ལོ་ནས་བཟུང་འཕྲུལ་ཆས་བཟོ་ལས་ཀྱི་བརྟན་ཆགས་རྒྱུ་ནོར་གྱི་མ་འཇོག་ལ་སླར་གསོའི་རང་བཞིན་གྱི་འཕར་སྣོན་བྱུང་ཡོད་པ་རེད།    །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།