རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བས་ཚན་ཆུང་བགོས་ནས་མཁའ་དབུགས་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་ཞིབ་བཤེར་སྙན་ཞུ་སོགས་ལ་གྲོས་ཞིབ་བྱས།

lizhanshu376.jpg

ཟླ7པའི་ཚེས9ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བས་ཚན་ཆུང་བགོས་ནས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གི་མཁའ་དབུགས་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་ལག་བསྟར་བྱས་པའི་གནས་ཚུལ་ཐད་ཀྱི་སྙན་ཞུ་སོགས་ལ་གྲོས་ཞིབ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བས་ཟླ་བདུན་པའི་ཚེས་དགུ་ཉིན་ཚན་ཆུང་བགོས་ནས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གི་མཁའ་དབུགས་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་ལག་བསྟར་བྱས་པའི་གནས་ཚུལ་ཐད་ཀྱི་སྙན་ཞུ་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྱོན་ཡོངས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་བསྣན་ནས་མཁའ་དབུགས་བཙོག་བཟོ་འགོག་བཅོས་བྱ་བ་བཟང་བོར་བསྒྲུབ་པའི་ཆོད་དོན་འཆར་ཟིན་ལ་གྲོས་ཞིབ་བྱས། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་གྲོས་ཞིབ་ལ་ཞུགས།

མཁའ་དབུགས་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་ཞིབ་བཤེར་སྙན་ཞུ་ལ་གྲོས་ཞིབ་བྱེད་སྐབས། ཚོགས་ཞུགས་མི་སྣས་ཡོངས་ཁྱབ་ཏུ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཁའ་དབུགས་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་ཞིབ་བཤེར་དེ་ད་ལོའི་ལྟ་སྐུལ་བྱ་བའི་གཙོ་གནད་དུ་བརྩིས་ནས། ཁྲིམས་ལུགས་སྐོར་ཞིབ་ཀྱི་ལྟ་སྐུལ་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། དེས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཁྲིམས་ལུགས་ཁྱོན་ཡོངས་དང་ཕན་ཡོད་པའི་སྒོ་ནས་ལག་བསྟར་བྱེད་པར་འགན་སྲུང་བྱེད་ཐུབ། ཁྲིམས་འཛིན་ཞིབ་བཤེར་སྙན་ཞུ་ཡིས་ཁྲིམས་ལུགས་ལག་བསྟར་བྱེད་པའི་ཁྲོད་ནས་པའི་གནད་དོན་གལ་ཆེན་མངོན་པར་བྱས་ཡོད་པ་མ་ཟད། དེའི་ཐད་གནས་པའི་གནད་དོན་གྱི་རྒྱུ་རྐྱེན་ལ་དབྱེ་ཞིབ་ཟབ་མོ་བྱས་ཡོད་པ་དང་། བཏོན་པའི་གྲོས་གཞི་ཐད་ནས་ཁ་གཏད་རང་བཞིན་དང་ལག་བསྟར་རང་བཞིན་ཆེན་པོ་ལྡན་པས། ཚང་མ་སྙན་ཞུ་ལ་འཐད་པ་བྱུང་ཡོད་ཟེར།

ཁྱོན་ཡོངས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་བསྣན་ནས་ཁྲིམས་ལྟར་མཁའ་དབུགས་བཙོག་བཟོ་འགོག་བཅོས་བྱ་བར་སྐུལ་འདེད་གཏོང་བའི་ཆོད་དོན་འཆར་ཟིན་ལ་གྲོས་ཞིབ་བྱེད་སྐབས། ཚོགས་ཞུགས་མི་སྣས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་དུ་གྲོས་ཆོད་བཏོན་པ་དང་།  དེ་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ་དང་། ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་འཛིན་ཞིབ་བཤེར་གྱི་ཁ་གཏད་རང་བཞིན་དང་ཕན་འབྲས་རང་བཞིན་ཇེ་དྲག་ཏུ་གཏོང་བའི་བྱེད་ཐབས་གལ་ཆེན་ཡིན་པས། ཆོད་དོན་འཆར་ཟིན་ཐེངས་འདིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་སྤྲད་དེ་བརྡས་ཐག་གཅོད་པར་འཐད་པ་ཡིན་པའི་ཚུལ་བསྟན། 


རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།