ཞི་ཅིན་ཕིང་གིས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཆིན་ཏའོ་མཐོ་རིམ་གྲོས་ཚོགས་ཀྱི་ཁྱབ་ཁོངས་ཆུང་བའི་གྲོས་མོལ་ལ་འགོ་འཛིན་མཛད།

习近平主持上海合作组织青岛峰会小范围会谈.jpg

ཟླ6པའི་ཚེས10ཉིན། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅོ་བརྒྱད་པའི་ཁྱབ་ཁོངས་ཆུང་བའི་གྲོས་མོལ་ཆིན་ཏའོ་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་ནས་བསྡུས། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་མོལ་ལ་འགོ་འཛིན་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ6པའི་ཚེས10ཉིན། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅོ་བརྒྱད་པའི་ཁྱབ་ཁོངས་ཆུང་བའི་གྲོས་མོལ་ཆིན་ཏའོ་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་ནས་བསྡུས། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་མོལ་ལ་འགོ་འཛིན་མཛད་པ་དང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་གཞན་པའི་འགོ་ཁྲིད་པ་གྲོས་མོལ་ལ་ཞུགས། ཁོངས་གཏོགས་རྒྱལ་ཁབ་སོ་སོའི་འགོ་ཁྲིད་པས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་དང་དེ་མིན་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས།

ཉིན་དེའི་སྔ་དྲོའི་དུས་ཚོད་དགུའི་སྟེང་། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་འཕྲོ་རིམ་འཕྲོར་ཚོགས་རར་ཞུགས་པ་དང་ཞི་ཅིན་ཕིང་གིས་ཁོ་ཚོར་བསུ་མ་བྱས་པར་མ་ཟད་མཉམ་དུ་པར་བླངས།

ཚོགས་ཐོག་ནས་ཞི་ཅིན་ཕིང་གིས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་ཐད་ལ་གྲོས་གཞི་བཞི་བཏོན། གཅིག ཧྲང་ཧེ་སྙིང་སྟོབས་དར་སྤེལ་བྱས་ཏེ་མཐུན་སྒྲིལ་རོགས་ལས་ལ་ཤུགས་སྣོན་དགོས། གཉིས། བདེ་འཇགས་མཉམ་ལས་ལ་སྐུལ་འདེད་བཏང་ནས་མཉམ་དུ་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་དགོས། གསུམ། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། བཞི། ཕྱོགས་སོ་སོའི་ནུས་པ་འདོན་སྤེལ་བྱས་ཏེ་རྒྱལ་སྤྱིའི་ཁག་ཁུར་མཚོན་པར་བྱེད་དགོས་པ་བཅས་རེད།

ཞི་ཅིན་ཕིང་གིས་བསྟན་དོན། ཧྲང་ཧེ་མཉམ་ལས་རྩ་འཛུགས་ནི་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་མཐུན་པ་དང་རྒྱལ་ཁབ་སོ་སོའི་ཐུན་མོང་ཁེ་ཕན་གྱི་ལས་དོན་དང་འཚམ་པ་ཡིན། ང་ཚོས་ཕྱོགས་སོ་སོ་དང་མཉམ་དུ་ཐོག་མའི་སེམས་འདུན་མི་བརྗེད་པར་མཉམ་དུ་མདུན་སྐྱོད་བྱས་ཏེ། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱིས་འཕེལ་རྒྱས་གསར་བ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བ་དང་། སྔར་ལས་དམ་པའི་ལས་དབང་གཅིག་པའི་ཚོགས་པ་གསར་སྐྲུན་བྱས་ནས། འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས་སྲུང་སྐྱོབ་བྱེད་པ་དང་མིའི་རིགས་ཀྱི་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བར་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་ཟེར།

ཚོགས་ཐོག་ནས་ཉིས་སྟོང་བཅུ་དགུ་ལོའི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་ཅི་ཨར་ཅི་སི་སི་ཐན་ནས་འཚོགས་རྒྱུ་ཐག་བཅད། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།