ཝང་ཆི་ཧྲན་གྱིས་ཀྲུང་གོ་དང་ཨ་མེ་རི་ཁའི་བཟོ་ཚོང་གཙོ་འཛིན་དང་སྔོན་ཆད་ཀྱི་མཐོ་རིམ་དཔོན་པོའི་གྲོས་མོལ་གྱི་ཨ་མེ་རི་ཁ་ཕྱོགས་ཀྱི་འཐུས་མིར་མཇལ་འཕྲད་གནང་།

638d333fe0b37863c64f1c30bfc0ad67.jpg

ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་པེ་ཅིན་ཀྲུང་ནན་ཧེ་ནས་ཀྲུང་གོ་དང་ཨ་མེ་རི་ཁའི་བཟོ་ཚོང་གཙོ་འཛིན་དང་སྔོན་ཆད་ཀྱི་མཐོ་རིམ་དཔོན་པོའི་གྲོས་མོལ་ཐེངས་བཅུ་བར་ཞུགས་པའི་ཨ་མེ་རི་ཁ་ཕྱོགས་ཀྱི་འཐུས་མིར་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་པེ་ཅིན་ཀྲུང་ནན་ཧེ་ནས་ཀྲུང་གོ་དང་ཨ་མེ་རི་ཁའི་བཟོ་ཚོང་གཙོ་འཛིན་དང་སྔོན་ཆད་ཀྱི་མཐོ་རིམ་དཔོན་པོའི་གྲོས་མོལ་ཐེངས་བཅུ་བར་ཞུགས་པའི་ཨ་མེ་རི་ཁ་ཕྱོགས་ཀྱི་འཐུས་མིར་མཇལ་འཕྲད་གནང་།

ཝང་ཆི་ཧྲན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་བར་འབྲེལ་བ་བཙུགས་པའི་ཚུན་ལ་དཀའ་སྡུག་གང་མང་དང་འཕྲད་མྱོང་ནའང་དུས་དང་རྣམ་པ་ཀུན་དུ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། འདྲ་མཉམ་གཉིས་ཕན་གྱི་ཉོ་ཚོང་འབྲེལ་བ་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཕྱོགས་གཙོ་བོ་ཡིན་ལ་། དེའི་གཞི་རྩ་ནི་མཉམ་ལས་མཉམ་རྒྱལ་ཡོང་བར་བྱེད་རྒྱུ་དེ་ཡིན། ཉོ་ཚོང་འབྲེལ་བ་བཟང་བོ་ཞིག་འཛུགས་རྒྱུ་དེ་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པས། ཕྱོགས་གཉིས་ཀྱིས་ཕན་ཚུན་བར་གྱི་རྒྱུས་ལོན་ཇེ་དམ་དུ་གཏོང་བ་དང་། ཡིད་ཆེས་ཇེ་དྲག་ཏུ་བཏང་སྟེ། གྲོས་མོལ་གྱི་ཐབས་ལམ་བརྒྱུད་དེ་འགལ་བ་ཐག་གཅོད་བྱེད་དགོས། ཀྲུང་གོས་གོམ་གང་མདུན་སྤོས་སྒོས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་སྒོ་འབྱེད་རྒྱ་བསྐྱེད་དེ། ཉོ་ཚོང་དངུལ་གཏོང་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་རྒྱུ་ཡིན། ཀྲུང་གོ་དང་ཨ་མེ་རི་ཁའི་བཟོ་ཚོང་གཙོ་འཛིན་དང་རིག་མཛོད་ཆེད་མཁས་པས་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུས་ནས། མཉམ་དུ་ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་བརྟན་འཇགས་དང་བདེ་བླག་སྒོས་འཕེལ་རྒྱས་སུ་གཏོང་བར་རེ་བ་བྱེད་ཀྱིན་ཡོད་ཟེར།

ཨ་མེ་རི་ཁའི་ཕྱོགས་ཀྱི་འཐུས་མིས་བཤད་རྒྱུར། ཨ་མེ་རི་ཁ་དང་ཀྲུང་གོ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་བཟང་བོ་འཛུགས་རྒྱུ་དེས་རྒྱལ་ཁབ་གཉིས་དང་འཛམ་གླིང་གི་དཔལ་འབྱོར་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་ཐུབ། ཨ་མེ་རི་ཁའི་བཟོ་ཚོང་ལས་རིགས་ཀྱིས་ཕྱོགས་གཉིས་ཀྱི་རིམ་པ་སོ་སོའི་འབྲེལ་འདྲིས་དང་བརྗེ་རེས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། གྲོས་མོལ་བྱེད་ཐབས་སྤྱད་དེ་མཉམ་རྒྱལ་ཡོང་བར་བྱེད་པའི་ཇུས་གཞི་འཚོལ་ཞིབ་བྱེད་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།