རྒྱ་བོད་ཡིག་སྒྱུར་སྐོར་གྱི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་འགའ།

གཅིག  རྒྱ་བོད་གློག་རྡུལ་ཚིག་མཛོད། 

     དེང་སང་གློག་རྡུལ་གྱི་ཚིག་མཛོད་མང་པོ་འདུག དེ་ཚོའི་ནང་སྒྱུར་ཁྱད་མཚར་པོ་དེ་འདྲ་འདུག ཡིག་སྒྱུར་བ་ཞིག་གི་ངོས་ནས་བཤད་ན་དེ་ཚོ་དཔྱད་གཞིར་བཟུང་ནས་གཙོ་བོ་སོ་སོས་སྒྱུར་བྱའི་སྐད་ཆའི་ཁོར་ཡུག་ལ་བསྟུན་དགོས། དེ་ཤིན་ཏུ་གལ་ཆེ་བ་རེད། གལ་ཏེ་ཚིག་མཛོད་ནང་ཅི་འདྲ་བསྒྱུར་ཡོད་པ་དེ་བཞིན་ཚིག་དུམ་ནང་བཅུག་ན་ནོར་འཁྲུལ་ཐོན་རྒྱུའི་ཉེན་ཆེ། ཡིག་སྒྱུར་གྱི་དམིགས་པ་དེ་བུ་ཡིག་ཀློག་མཁན་གྱི་མི་སྣས་མ་ཡིག་གི་དོན་ཇི་མ་ཇི་བཞིན་རྟོགས་པའི་ཆེད་དུ་ཡིན་པས་ན་ག་ཚོད་གོ་བདེ་བ་དང་ག་ཚོད་ཀྱིས་ད་ལྟའི་སྤྱི་ཚོགས་འདིའི་སྐད་ཆའི་འཕེལ་ཕྱོགས་དང་ཁོར་ཡུག་ལ་བསྟུན་ཐུབ་ན་དེ་ཙམ་གྱིས་བཟང་། དེ་མིན་བོད་མི་རིགས་ཀྱི་སྐད་ཡིག་ལ་མཐོང་ཆེན་ཡིན་ཞེས་ཡིག་སྒྱུར་ནང་བརྡ་རྙིང་དང་མངོན་བརྗོད་སོགས་ཚིག་མཁྲེགས་པོ་མང་པོ་བེད་སྤྱོད་བྱས་ན་ཡིག་སྒྱུར་ལ་བཟང་བར་མི་མཐོང་། གང་ལྟར་ཀྱང་རང་གི་སྒྱུར་ཡིག་དེ་སྟེང་གི་མཁས་པའི་ཚོགས་ཀྱིས་གཟིགས་པས་ན་བཞད་གད་ཏུ་མི་འགྲོ་བ་དང་གཤམ་གྱི་ཡི་གེ་ཤེས་མཁན་གྱི་མང་ཚོགས་ཀྱིས་ཀློག་པས་ན་དོན་ཇི་མ་ཇི་བཞིན་རྟོགས་ཐུབ་པའི་ཆུ་ཚད་ཅིག་ཏུ་སླེབས་ཚེ་སྒྱུར་ཚད་ལྡན་ཞིག་བྱུང་བའི་རྟགས་ཡིན།

   གཉིས།  嘉年华ཟེར་བའི་ཐ་སྙད་དེ་བོད་སྐད་ཏུ་“དགའ་ནེའུ་དུས་ཆེན་”ཞེས་བསྒྱུར་བའི་རྒྱུ་མཚན།嘉年华ཟེར་བ་དེའི་བོད་ཡིག་ཏུ་“དགའ་ནེའུ་དུས་ཆེན་”ཞེས་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་ནས་བཀས་བཅད་བྱས་འདུག་པ་དེ་མི་མང་པོས་ནང་དོན་རྟོགས་དཀའ་བ་ཞིག་བྱུང་ཡོད་སྲིད། དེ་ནི་ནུབ་ཕྱོགས་རྒྱལ་ཁབ་ནས་བྱུང་བའི་ཐ་སྙད་གཅིག་ཡིན་པས་ན་“དགའ་ནེའུ་དུས་ཆེན་”ནི་ ཕལ་ཆེར་དབྱིན་སྐད་དུ་carnival /ˈkɑnɪvəl/ཡི་སྒྲ་ལས་བྱུང་ཞིང་སྒྲ་དོན་ཟུང་འབྲེལ་གྱི་ཐབས་སྤྱད་པ་ཞིག་ཡིན།།      

     གསུམ། “某某单位庆祝中国共产党成立95周年文艺晚会” 近日很多人问我这个句子如何翻译藏文,看起来很简单,但也很容易出错,这几天 我看到了几个横幅,都这么写着“ག་གེ་མོའི་ལས་ཁུངས་ཀྱི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་95འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་མཚན་ཚོགས།”其实这个翻译是错误的,最前面加“འབྲེལ་སྒྲ་”的译法是受汉语言的影响,这个译法很多人会误解为中国共产党是属于某某单位的。那么这个句子到底怎么译藏文呢?我给大家讲两种译法:

  1、 第一种是用“བྱེད་སྒྲ་”来翻译如:“ག་གེ་མོའི་ལས་ཁུངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་95འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་མཚན་ཚོགས།”

   2、 第 二 种 是用“འབྲེལ་སྒྲ་”来翻译:如:“ ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་95འཁོར་བར་རྟེན་འབྲེལ་ཞུ་བའི་ག་གེ་མོའི་ལས་ཁུངས་ཀྱི་རིག་རྩལ་མཚན་ཚོགས།”

 བཞི།  中文名:绿色英文名:green拼 音:[lǜ sè] 绿色同所有词一样,有两种意思,一个是它的字面意思,也就是说绿色的本身意思“ལྗང་གུ། ལྗང་མདོག”。第二个意思是它的引申含义,泛指无公害、健康的意思。在译文中使用本身意思的时候,大家都会,不会有任何难度,如:绿色花མེ་ཏོག་ལྗང་གུ། ལྟ་བུ། 当今社会绿色一词与很多名词组成词语,形成了一个较为流行且使用广泛的新词,如:绿色食品、绿色通道等。那么,在这些词语中如何把“绿色”一词翻译成译文呢?这就是我们的难点。

    1、对于“绿色食品”而言,有很多人翻译为གནོད་མེད་ཟས་རིགས། འབགས་མེད་ཟས་རིགས། འབྱུང་འཕྲོད་ཟས་རིགས། སྔོ་ལྗང་ཟས་རིགས། ལྷད་མེད་ཟས་རིགས།其中西藏自治区语委使用的是འབྱུང་འཕྲོད་ཟས་རིགས། “绿色食品”在汉文的解释是在良好的生态环境中,通过无污染的生产过程生产出的安全营养、无公害的食品。藏语委之所以选择འབྱུང་འཕྲོད་ཟས་རིགས། དེའི་ནང་དོན་ནི་འབྱུང་བ་ལྔ་དང་འཕྲོད་པར་བྱེད་པའི་ཟས་རིགས་ཞེས་པའི་དོན་ཡིན། འཇིག་རྟེན་གྱི་དངོས་པོ་ཐ་དག་ནི་འབྱུང་བ་ལྔ་ལས་གྲུབ་པ་ཞིག་ཡིན་པས་ན་ཟས་རིགས་དེའི་བཟོ་བཅོས་ཀྱི་བརྒྱུད་རིམ་ཁོར་ཡུག་ལ་མི་གནོད་ཅིང་བེད་སྤྱོད་བྱས་རྗེས་མིའི་ལུས་པོ་སོགས་ལ་གནོད་མེད་འབྱུང་བར་འཕྲོད་པས་ན་འབྱུང་འཕྲོད་ཟས་རིགས་སུ་བསྒྱུར་བ་ཡིན། 

   2、ཡང་“གནོད་མེད་ཟས་རིགས་”ཞེས་བསྒྱུར་བ་དེ་སྤྱིའི་ཆ་ནས་ནོར་བར་མི་མངོན། དེ་རྒྱ་ཡིག་ཏུ་无公害食品རེད། འོན་ཏེ་绿色食品、绿色雪顿ལྟ་བུའི་ནང་གི་绿色ཞེས་པ་དེ་དེ་སྔོན་རྒྱ་ཡིག་མ་ཡིག་གི་无公害དེ་ཚུར་འགྱུར་ནས་绿色བྲིས་པ་ཡིན། བྱས་ཙང་མུ་མཐུད་གནོད་མེད་ཟས་རིགས་སུ་འབྲི་བའི་དགོས་པ་མེད་པར་གཅིག་གྱུར་དུ་བཟོས་པའི་འབྱུང་འཕྲོད་ཟས་རིགས་སུ་སྒྱུར་ན་ལེགས། 

    3、ཡང་“འབགས་མེད་ཟས་རིགས་”ཞེས་བསྒྱུར་ཡོད་པ་དེར་སྐྱོན་གང་ཡོད་ཟེར་ན། དེ་ནི་ཁྱབ་ཆུང་བའི་སྐྱོན་དང་འབྲེལ་མི་ཆགས་པའི་སྐྱོན་ཡོད། གང་ཡིན་ཟེར་ན་绿色食品དེ་ནི་无公害的健康食品རེད། “འབགས་མེད་ཟས་རིགས་”ནི་འབགས་བཙོག་མེད་པའི་དོན་ཙམ་ལས་གནོད་པ་དང་བདེ་ཐང་ཡོད་མེད་སྐོར་ངེས་པ་མེད་པ་ཞིག་རེད། དཔེར་ན་ཞིང་འབྲོག་ཁུལ་གྱི་མི་སེར་གྱི་ཟས་རིགས་མང་པོ་ཞིག་ལ་འབགས་བཙོག་མང་དུ་བྱུང་ནས་ཕྱི་ནས་བཙོག་པོ་ཞིག་ཡིན། འོན་ཏེ་ཁ་ལ་ཟས་རྗེས་ལུས་ལ་འཇུ་བ་ལས་གནོད་སྐྱོན་གང་ཡང་ཡོང་གི་མེད། བྱས་ཙང་“འབགས་མེད་ཟས་རིགས་”ནི་ཡང་མ་དག་པ་རེད།

   4、ཡང་“སྔོ་ལྗང་ཟས་རིགས་”དང་“ལྷད་མེད་ཟས་རིགས་”གྱི་སྒྱུར་དེ་གཉིས་ཅུང་ལེགས་པ་ཞིག་ཡིན། དེར་ཆེད་མངགས་འགྲེལ་བྱས་ཚེ་ང་ཚོས་བཀས་བཅད་ཀྱི་ཐ་སྙད་དང་གཅིག་གྱུར་ཕྱིན་ནས། འབྱུང་འཕྲོད་ཟས་རིགས་སུ་འདོད་པ་ཙམ་ཡིན།

   5、绿色通道 ཞེས་པ་འདི་བསྒྱུར་སྐབས་མ་ཡིག་གི་སྐད་ཆའི་ཁོར་ཡུག་ལ་བལྟ་རྒྱུ་ཤིན་ཏུ་གལ་ཆེ། དཔེར་ན། ཀོང་པོའི་ཡུལ་གྱི་ལམ་ལ་འགའ་རེས་རྒྱ་ཡིག་ཏུ་绿色通道ཞེས་འབྲི་བཞིན་ཡོད། དེ་སྒྱུར་སྐབས་ཀོང་པོའི་ཡུལ་གྱི་ཁྱད་ཆོས་དང་བཅས་སྔོ་ལྗང་འགྲོ་ལམ་ལྟ་བུ་རང་ལ་གོ་བ་ལེན་དགོས། ཡང་དམིགས་བསལ་གྱིས་གེགས་བར་མེད་པར་འགྲོ་ཆོག་པའི་绿色通道ལ་“ཤར་གཏོང་འགྲོ་ལམ་”དུ་བསྒྱུར་དགོས།

   ལྔ།  ཚོང་ཁང་སྒོ་བྱང་དང་ཁེ་ལས་ཀྱི་མིང་སོགས་སྒྱུར་སྐབས་དོ་སྣང་བྱེད་དགོས་པ། རང་ལྗོངས་ཀྱི་རྩོམ་སྒྱུར་ཚན་པར་ཕྱག་ལས་གནང་མཁན་ཞིག་ཡིན་ཕྱིན་ཚོང་ཁང་གི་སྒོ་བྱང་དང་ཁེ་ལས་དེ་བཞིན་ལས་རིགས་གཞན་གྱི་ཐམ་ག་སོགས་བོད་ཡིག་ཏུ་སྒྱུར་དགོས་པའི་གནས་ཚུལ་རྟག་ཏུ་འཕྲད་བཞིན་ཡོད། དེ་དག་སྒྱུར་སྐབས་ང་ཚོས་ངེས་པར་དུ་བསམ་གཞིགས་ལེགས་པར་མ་བྱས་པར་སྒོ་བྱང་ཡིན་པ་ཙམ་གྱིས་ཚང་མ་སྒྲ་སྒྱུར་བྱེད་པའི་རིགས་ལྟ་བ་ཕྱོགས་ལྷུང་ཅན་ཞིག་ཡིན།

    1、དོན་སྒྱུར་བྱེད་དགོས་པའི་རིགས། རྒྱ་ཡིག་གི་མ་ཡིག་བོད་དུ་ཕབ་ན་དོན་ངེས་ཅན་ལྡན་པའི་རིགས་ངེས་པར་དོན་སྒྱུར་བྱེད་དགོས་པ།དཔེར་ན། 宏发商店 དར་རྒྱས་ཚོང་ཁང་། 吉祥茶馆བཀྲ་ཤིས་ཇ་ཁང་ལྟ་བུ། 鼎峰网咖 རྩེར་སོན་ཁ་ཧྥེ་དྲ་ཁང་།美味湘菜བྲོ་ལྡན་ཧུའུ་ནན་ཚལ་ཟ་ཁང་།拉萨朋友广告公司ལྷ་ས་གྲོགས་པོ་བརྡ་ཁྱབ་ཀུང་སི་ལྟ་བུ་ཡིན་པ་ལས་ཧུང་ཧྥ་ཚོང་ཁང་དང་ཏིང་ཧྥུང་ཁ་ཧྥེ་དྲ་ཁང་། ལྷ་ས་ཕེང་ཡིའུ་བརྡ་ཁྱབ་ཀུང་སི། བྲོ་ལྡན་ཤང་ཚལ་སོགས་ལ་བསྒྱུར་མི་རུང་།

    2、སྒྲ་སྒྱུར་བྱེད་དགོས་པའི་རིགས། སྒོ་བྱང་གི་མིང་རུས་མིང་དང་སོ་སོའི་ལུང་པའི་མིང་ཟུར་དུ་བཏགས་པ་དེ་བཞིན་ཕྱི་རྒྱལ་ནས་ཐོན་པའི་དངོས་པོ་རྒྱ་སྐད་དུའང་སྒྲ་རང་སོར་བཞག་པ་དག་སྒྲ་སྒྱུར་བྱེད་དགོས། དཔེར་ན། 四川馄饨 སི་ཁྲོན་པི་ཤ། 建华装饰部 ཅན་ཧྭ་མཛེས་འཆོས་ཁང་། 耐克服装店 ནའེ་ཁེ་གྱོན་ཆས་ཚོང་ཁང་ལྟ་བུ།

   3、 སྒྲ་དོན་བསྲེས་མ་བྱེད་དགོས་པའི་རིགས།李哥书店 གཅེན་པོ་ལི་ལགས་ཀྱི་དཔེ་དེབ་ཚོང་ཁང་།张大夫药店 སྨན་པ་ཀྲང་ལགས་ཀྱི་སྨན་རྫས་ཚོང་ཁང་ལྟ་བུ་ཡིན་པ་ལས་ལི་ཀོ་དཔེ་དེབ་ཚོང་ཁང་དང་ཀྲང་ཏེ་ཧྥུ་སྨན་རྫས་ཚོང་ཁང་སོགས་ལ་སྒྱུར་མི་རུང་། དེ་རིགས་སྒྱུར་སྐབས་ཡིག་ཚོགས་ཉུང་བར་དང་དོད་དང་རྒྱ་ཡིག་ལ་ནང་དོན་ངེས་ཅན་ཡོད་ན་ཡིན་གཅིག་དོན་སྒྱུར་བྱེད་དགོས་པ་ལས་སྒོ་བྱང་ཡིན་པ་ཙམ་གྱིས་ཚང་མ་སྒྲ་སྒྱུར་བྱ་མི་རུང་ལ་ཐ་སྙད་ཀྱི་བརྗོད་བྱེད་ལ་མི་ལ་སྤྲོ་སྣང་(喜庆)སྤྲོད་པའི་སྣང་ཚུལ་ཞིག་དགོས་པ་བཅས་ཡིན།

དྲུག   “大厦 བ་གམ།”ཞེས་པ་དེ་བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་ནས་བཀས་བཅད་བྱས་པའི་ཐ་སྙད་ཅིག་རེད། དེ་ནི་མི་མང་པོས་ཅུང་གོ་མི་བདེ་བར་མངོན་ཀྱང་“བ་གམ་”ནི་བོད་རང་གི་སྐད་དུ་སྔོན་ནས་ཡོད་པའི་ཐ་སྙད་གཅིག་ཡིན། བོད་རང་ལ་སྒྱུར་བྱའི་དོན་གནད་ལ་འཕིགས་པའི་བརྡ་ཆད་ཡོད་ཚེ་དེ་ངེས་པར་སྤྱོད་དགོས་པ་ལས་ཡིན་གཅིག་ཐོག་བརྩེགས་ཁང་ཆེན་ཞེས་སྒྱུར་བའི་དགོས་པ་མི་ཆེ།བ་གམ་གྱི་ཚིག་འགྲེལ། ༡ ཚིག་མཛོད་ཆེན་མོ།ཁང་ཆེན་བརྗིད་ཉམས་ཅན། ཁང་པ་བརྩེགས་ཐོག་ཅན། ཁངས་བཟང་བ་གམ་ཟླུམ་པོའི་དབྱིབས་སུ་བསྐྲུན། ༢ དག་ཡིག་གསར་བསྒྲིགས་ལས། མཛེས་ལྗོངས་སོགས་སུ་བསྐྲུན་པའི་ཁང་པ་གྲུ་བཞིའམ་དྲུག་གམ་བརྒྱད་དང་ལྡན་ཞིང་བརྩེགས་རིམ་ལས་ཁོར་ཡུག་ལ་རྒྱང་ལྟ་བྱ་བར་རུང་བ་ཞིག་གོ་བ་ཡིན།

   བདུན། གདོང་སྐྱོ་ནི་面膜ལ་བོད་དུ་བཀས་བཅད་གཅིག་རང་ལས་བྱས་མེད་པ་དེ་རེད། དེ་ནི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཁོང་རྣམས་ཀྱིས་བསྒྱུར་གནང་བ་དེ་རེད། བོད་རང་སྐྱོང་ལྗོངས་ལ་ཐ་སྙད་དེ་གཅིག་གྱུར་བཀས་བཅད་བྱུང་ཡོད་པ་མ་རེད། བོད་ཀྱི་སྐད་གཅིག་གྱུར་གྱི་དགོས་མཁོ་དང་བཅས་མིག་སྔར་གཅིག་གྱུར་བྱས་པ་གཅིག་ལས་མེད་ན་དེ་སྤྱད་པར་དགེ་མཚན་ཡོད། འོན་ཏེ། འོན་ཏེ་面膜ལ་གདོང་སྐྱོ་ཟེར་ན་དབུས་གཙང་ཁུལ་ལ་དེ་ཙམ་གོ་དཀའ་བ་མ་ཟད་གདོང་སྐྱོ་པོའི་ནང་དོན་དང་ཡང་གོ་འཛོལ་ཡོང་ཉེན་འདུག དེར་བརྟེན་ང་ཚོས་膜ནི་སྐྱི་ལ་གོ་བས་ན་གདོང་སྐྱིའམ་ངོ་སྐྱི་ཟེར་ན་དེ་ལས་ཡག་པར་སྙམ། ཡང་面膜ནི་ཐོན་རྫས་ཤིག་ཏུ་གྲུབ་ནས་མང་ཆེ་བ་བརྡ་ཁྱབ་སོགས་ལ་སྤྱོད་པས་ན་དེ་ལ་ཞེ་ཚིག་གཅིག་སྦྱར་ནས་ཞལ་སྐྱི་ཟེར་ན་དེ་ལས་ཀྱང་ཡག་པར་འགྱུར། དཔེར་ན་སྐུ་ཉིད་ཀྱི་བཞིན་རས་དཀར་གསལ་ཡོང་ཆེད་ཞལ་སྐྱི་ག་གེ་མོ་རྟགས་ཅན་བེད་སྤྱོད་གནང་རོགས་ཟེར་བ་ལས་སྐུ་ཉིད་ཀྱི་བཞིན་རས་དཀར་གསལ་ཡོང་ཆེད་གདོང་སྐྱི་ག་གེ་མོ་རྟགས་ཅན་བེད་སྤྱོད་གནང་རོགས་ཟེར་ན་ཞེ་ས་རྐང་ཆག་ཏུ་འགྱུར་ཞིང་ཤིན་ཏུ་མི་སྙན། བྱས་ན་ཞལ་སྐྱི་དང་གདོང་སྐྱི་ངོ་སྐྱི་ཅི་ཞིག་སྤྱོད་མིན་དེ་ཡང་སྐད་ཆའི་ཁོར་ཡུག་ལ་བསྟུན་རྒྱུ་ཤིན་ཏུ་གལ་ཆེ་བར་སྙམ།

     མཇུག་ཏུ། གོང་གི་ནང་དོན་དག་ལ་རང་ཉིད་ཀྱི་ལྟ་ཚུལ་གླེང་ཡོད་པས་སྙིགས་དོར་བཅུད་ལེན་དང་བཅས་རང་ཞེན་དཀར་པོས་རྒྱུན་དུ་བསམ་གཞིགས་ཤིག་ཀྱང་མ་བརྗེད་པ་གནང་རོགས་ཞུ་རྒྱུ་ཡིན།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།