རྨི་ལམ་དང་དུར་ཁྲོད་ཀྱི་ངོ་གདོང་།

018c325a5d91c1a80120121f1948d7.png@2o.png

ཉོན་མོངས་ཀྱི་དུག་ཚེར་རེ་རེས་ཇི་ལྟར་བསྣུན་ཀྱང་།
ལན་ཆགས་ལྕི་བའི་ཆུ་ཚོད་ཀྱི་གཙག་ངོགས་འདི་ད་དུང་བརྒལ་དགོས་ཏེ།
ངས་བཞེངས་མ་ཚར་བའི་རྨི་ལམ་དག་ཀྱང་མི་ཡུལ་དུ་ལྷག་ཡོད།

མདང་ནུབ། དབུགས་རྒྱུན་ཐ་མའི་གོམ་ཁ་དེ་དུར་ཁྲོད་ཀྱི་སྒར་བར་བསྲིངས།
སྐྲ་ཉག་རེ་རེའི་ཁ་ཆེམས། མཐའ་མེད་པའི་སྨག་ནག་གི་གདོང་ལ་ཟུག

 
གྲིབ་གཟུགས་དང་ཀེང་རུས་རླུང་གིས་སྐྱོད་པའི་རྣམ་རྟོག་དེའི་དབང་གིས།
ནག་ཡོར་ཡོར་དུ་འགྲེང་བའི་འཇིགས་ཉེན་གྱི་ཐ་སྙད་སྐམ་པོ་དག
རྨི་ལམ་གྱི་བར་སྣང་ནས་ཐོལ་གྱིས་འཕྱུར་ཏེ།
ང་ཡི་བློས་ཀྱིས་མི་ཆོད་པའི་མཚར་སྡུག་གི་རྐང་རྗེས་རེ་རེའི་ཉེ་སར་ལྷུང་།
 
ཤི། ང་ད་དུང་གསོན་དུ་འཇུག་རོགས།
ངས་སྔར་བཞིན་སྐྱ་རེངས་གསར་པའི་ལོག་ཕེབས་རེ་རེ་ལ་གུས་འདུད་ཞུ་དགོས།

                                                        2019 01 10ཟི་ལིང་ནས།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།