• རྔོན་པ་ཚེ་ལོ།

    “ཐེ་ཐེ་ཉིན་ལ་ཐེ། ཐེ་ཐེ་སྲིབ་ལ་ཐེ། སྤུ་མགོ་དཀར་པོ་སུག་ལ་ཐེ། སྤུ་ཐུང་ནག་པོ་ནོར་ལ་ཐེ། གླ་མཆེ་དཀར་པོ་དུང་ལ་ཐེ། གླ་སུག་ཕྲ་མོ་དགོ་ལ་ཐེ། གླ་ལྤགས་དཀར་པོ་གོས་ལ་ཐེ། གླ་རྩི་དྲི་ཆེན་སྨན་ལ་ཐེ། གླ་མགོ་འཇོང་ནར་ཁྱི་ལ་ཐེ།……”

    2019-04-22 10:52:52
    སྒྲུང་གཏམ།
  • སྨྲ་བ་མེད་པའི་འཇིག་རྟེན།

    ཕལ་ཆེར་སྡེ་མི་ཚང་མ་འོངས་འདུག ད་དུང་ཐག་རིང་གི་གཉེན་ཉེ་དང་ཤ་ཁྲག་གི་འབྲེལ་བ་ཡོད་པ་ཚང་མ་ཡང་འོངས་འདུག དུས་རྒྱུན་ཁྱོད་ཚོ་ངལ་ལས་བྱེད་གྲོགས་སུ་བོས་ཀྱང་འོང་མི་སྲིད། དེ་རིང་ཁྱོད་ཚོ་འོངས་དོན་ཅི་ཡིན་ནམ། གང་ལྟར། འོང་དོན་ཅི་ཡིན་ན་ཡིན་དུ་ཆུགས། གཙོ་བོ་ངའི་ཤིང་ཁང་གྲུ་བཞིར

    2019-04-15 10:51:48
    སྒྲུང་གཏམ།
  • ​སྐྱེ་བ་གཉིས་ཀྱི་འདས་དོན།

    1978ལོ།   དབྱར་ཁ། དེ་ནི་དུས་ཚོད་ཀྱིས་རིང་དུ་བསྐྱུར་པའི་འདས་སོང་གི་ལོ་ཟླ་ཞིག ཉི་འོད་ནི་ནམ་རྒྱུན་ལས་ཀྱང་ཚ་བེར་བེར་བྱེད་ཅིང་།  མཁའ་དབུགས་ཁྲོད་དུ་ཅི་ཞིག་མེ་ཡིས་ཚིག་པ་ལྟར་གཞོབ་དྲི་ཞིག་གིས་ཀུན་ནས་ཁྱབ།   དབྱར་ཟླ་དྲུག་པའི་ཕྱི་དྲོ་དེར།  ཉི་འོད་ཀྱིས་གསེར་ཆུ་བྱུགས་པ

    2019-01-23 15:45:58
    སྒྲུང་གཏམ།
  • ཉི་འོད་འོག་གི་ཁྱེའུ།

    སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱི་བརྩམས་སྒྲུང་ཉི་འོད་འོག་གི་ཁྱེའུ་ལ་གཟིགས་པར་དགའ་བསུ་ཞུ།

    2019-01-16 21:02:42
    སྒྲུང་གཏམ།
  • མར་མེ། རླུང་གིས་གཟིམས་སོང་།

    སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱི་སྒྲུང་ཐུང<<མར་མེ།  རླུང་གིས་གཟིམས་སོང་།>>ཞེས་པར་གཟིགས་རོགས་ཞུ།

    2019-01-14 15:06:43
    སྒྲུང་གཏམ།
  • མཐིལ་བརྡོལ་བའི་འགྱིག་ལྷམ་ཆ་གཅིག

    སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱི་བརྩམས་སྒྲུང་མཐིལ་བརྡོལ་བའི་འགྱིག་ལྷམ་ཆ་གཅིག

    2019-01-11 15:21:58
    སྒྲུང་གཏམ།
  • དཀར་པོའི་སྒོར་སྒོར།

    ངས་ཁོ་ལ་གཏད་དེ་ཁ་ཚེག་ཚེག་ངང་དེང་སང་ལག་དངུལ་སྤྱོད་མཁན་ཉུང་ཉུང་ཡིན་ཞིང་། ཚང་མས་འཕྲིན་ཕྲན་ནས་དངུལ་སྤྲོད་རེས་བྱེད་པས། ངའི་ཁུག་མར་སྒོར་གཅིག་ཀྱང་མེད། ད་གང་འདྲ་བྱེད་དམ་ཞེས་བཤད་པས། ཁོས་དགོད་ཀྱིན་དུ་འཕྲིན་ཕྲན་ནས་སྟེར་རུང་ཆོག་ཅེས་ཟེར་གྱིན་ཁུག་མ་ལསvivoརྟགས་ཅན་གྱི་ཁ་

    2018-12-28 11:26:38
    སྒྲུང་གཏམ།
  • བསླུ་བྲིད།

    འདུ་འཛི་ལ་དགའ་བའི་མལ་ཁང་གི་སློབ་གྲོགས་རྣམས་རྒྱ་སྲང་ལ་བུད་སོང༌། ཤུལ་དུ་སྐར་མ་མཚོ་གཅིག་པུས་ནམ་རྒྱུན་དང་འདྲ་བར་ནན་ཏན་གྱིས་དཔེ་ཆར་ལྟ་ཞིང་མཆིས། ཁོ་མོའི་མལ་ཁྲིའི་གྱང་ངོས་སུ་ཀྲུང་དབྱང་དང་ཞིང་ཆེན་རིམ་པས་གནང་བའི་གཟེངས་རྟགས་འགའ་བཀལ་ཡོད། སྔས་མགོ་རུ་བཞག་པའི་རྒྱལ་ཡོངས

    2018-12-28 11:23:49
    སྒྲུང་གཏམ།
  • ཁོང་གི་དུས་ཚོད་ཕྱེད་ཀ

    ད་ཅི་ཁོང་གཞུང་ལས་ཁང་དུ་ཡིག་ཆ་ལེན་པར་འགྲོ་བའི་སྐབས་སུ་རྐང་པའི་རྡོག་སྣེ་ལས་ཅི་ཡང་མ་མཐོང་། ཐ་ན། དཔྱིད་ཀའི་དྲི་མ་འཐུལ་གྱིན་ཡོད་མེད་ལའང་མཉམ་མ་བཞག ཆུ་འཁྱིལ་དེས་ཁོང་གི་རྐང་བོལ་ནུབ་ཙམ་བྱས་པ་དེའང་སྣང་མེད་དུ་བསྐྱུར། ཁོང་ལྷབ་བེ་ལྷུབ་བེར་གཞུང་ལས་ཁང་དུ་སླེབས་དུས། ལས་ག

    2018-12-28 11:21:07
    སྒྲུང་གཏམ།
  • མནའ།

    ​ལོ་ཟླའི་གཙང་ངོགས་ན་འཕྱོ་བའི་སེམས་པ་འདི་ཕ་ཡུལ་དུ་སློན་དུས། ངའི་སེམས་སུ་གནོན་མི་ཐུབ་པའི་ཁྲེལ་དགོད་ཅིག་ཆུ་ཁོལ་བཞིན་ལྷོག་ལྷོག་ཏུ་གདུ་ངེས་ལ། དེའུ་མུར། ཤོག་དཀར་དང་སྨྱུག་གུས་ཕ་ཡུལ་གྱི་འདས་དོན་དེ་དག་གཙང་པོ་བཞིན་ཡིད་ཀྱི་ཞིང་སར་དྲངས་ཏེ་སེམས་ཀྱི་གས་སྲིབ་ཏུ་འཐིམ་འགྲ

    2018-12-21 16:54:43
    སྒྲུང་གཏམ།
  • མཇུག་མཐའི་སློབ་བཤོལ།

    ངའི་ཨ་ཕ་ནི་ཆང་འཐུངས་རྗེས་མི་ཞིག་དང་ཆང་མ་འཐུངས་ན་མི་ཞིག་ཡིན་མོད། བཟང་བཤད་ན་ངན་བཤད་ན་རང་གི་ཨ་ཕ་རེད། ཚང་མས་བཤད་ན“ངའི་ཨ་ཕ་ནི་ཆང་རྐྱལ་ཞིག་རེད”ཟེར། “ངའི་ཨ་ཕ་ནི་ཨ་ཕ་གཞན་དག་དང་མི་འདྲ་བར་ནམ་རྒྱུན་ཆང་འཐུངས་ནས་ར་བཟི་རྒྱུར་དགའ་བའི་ཆང་གི་རྫ་མ་ཞིག་རེད”ཟེར། “ཐུན་མོང་གི་

    2018-12-21 16:53:39
    སྒྲུང་གཏམ།
  • ཤིག་དང་ལྗི་བ།

    གསེར་ལུང་ནི་ཤིག་དང་ལྗི་བ་ཁྱོ་ཤུག་གཉིས་ཀྱིས་ཚེ་འདིའི་གནས་མལ་བཅའ་ས་གཅིག་པུ་ཡིན། ལོ་སར་ཚེས་གཅིག་གི་དགོང་མོ་ཁྱོ་ཤུག་གཉིས་ཀྱིས་གནམ་ལོ་གསར་པའི་དགའ་སྟོན་ལ་རོལ་བའི་ཚེ། གློ་བུར་དུ་ཁོང་གཉིས་ཀྱི་སྒོ་ཟོག་མཛོ་མོ་དཀར་མོ་གར་སོང་ཆ་མེད་དུ་གྱུར་པས། ཁོང་གཉིས་ཀར་བྲེལ་འཚུབ་ལང

    2018-12-21 16:52:37
    སྒྲུང་གཏམ།
  • རྒྱང་རིང་གི་རི་སྡེ།

    ཀུན་ཐར་ལ་ཕ་ཤུལ་སྐྱོང་བའི་བུ་ཞིག་ཀྱང་མེད། ཁྱོ་ཤུག་གཉིས་ཀྱིས་སྡེ་བའི་ནང་གི་དྭ་ཕྲུག་འགྱུར་མེད་ལོ་བཅུའི་ཐོག་རང་ཁྱིམ་དུ་བླངས་ཏེ་སྙོར་བཞིན་འདུག འགྱུར་མེད་ནི་ཁ་ལེན་ཚིག་བརྩི་ཅན་ཞིག་ཡིན་ན་ཡང་། ཆུང་དུས་ནས་གླེན་ཞད་ཆེ་བས་ཁྱོ་ཤུག་གཉིས་ནམ་ཡང་སེམས་ཁྲལ་ལ་གཏོད་པར་བྱེད། འག

    2018-12-17 16:16:30
    སྒྲུང་གཏམ།
  • འབྲི་མར།

    ཨ་ཡེ་དམ་ཆོས་དབང་མོ་ནི་ལོ་རྒན་དྲུག་ཅུ་རེ་ལྔས་གཉའ་མནན་ཡང་རྐང་ལག་ཐང་ཐང་ཡིན་ལ་མིག་ཀྱང་ཞན་པོ་མེད། ཁོང་གི་ཕ་མའི་དུས་ནས་ཁྱིམ་ཚང་དབུལ་པོ་ཞིག་ཡིན་ཡང་ཞང་པོ་ཞིག་ཡོད་པ་དེ་སྔ་མོ་ནས་དགོན་པའི་ཆོས་གྲྭར་བཞུགས་པས་ཐག་རིང་ས་ཁུགས་དེ་རུ་འདོན་པ་འདོན་རྒྱུ་དང་། གཏོར་མ་བཞེངས་རྒྱུ།

    2018-12-14 11:05:29
    སྒྲུང་གཏམ།
  • རྒྱང་རིང་གི་རི་སྡེ།

    རི་གྲོང་འདི་ནི་བས་མཐའ་ཞིག་ཏུ་ཆགས་ཡོད། མོ་གསར་ཕལ་ཆེ་བས་རང་སྡེའི་ནང་གནས་ཡུལ་འཛིན་མ་འདོད་པར་སྡེ་བ་གཞན་དུ་བཞུར་ཚར། གཞན་ནས་འདི་གར་གནས་ལ་ཡོང་མཁན་གྱི་མནའ་མ་ཡང་ཧ་ཅང་ཉུང་བས། སྡེ་བའི་སྐྱེས་པ་མང་པོ་ཞིག་ཕོ་ཧྲེང་དུ་ལུས་ཡོད།

    2018-12-14 11:03:10
    སྒྲུང་གཏམ།
  • བློན་པོ་གསེར་ཆེན།

    “ལུག་ཁྱུའི་འབའ་སྐད་ཀྱིས་ང་རང་གཉིད་ལས་བསླངས་པས། གློ་བུར་དུ་ངའི་ལྟག་རྒྱབ་ནས་མགོ་དཀྲིས་དམར་པོ་དཀྲིས་པའི་ལུག་རྫི་བུ་མོ་ཞིག་སླེབས་བྱུང་། ཁོ་མོས་མགོ་དཀྲིས་དམར་པོས་ངོ་གདོང་བཏུམས་ཏེ་མིག་ཟུང་གཉིས་མ་གཏོགས་ཅི་ཡང་མི་མཐོང་། ད་དུང་ལག་ཏུ་རྩིད་སྐུད་ཀྱིས་བསླེས་པའི་འུར་ཆ་ཞ

    2018-11-19 10:28:30
    སྒྲུང་གཏམ།
  • ཆེས་མཇུག་མཐའི་རེ་བཅོལ།

    སྨན་ཁང་གི་མཚན་མོ་རེ་རེ་ནི་ནད་པ་ཚོའི་ཚེ་སྲོག་གི་དབུགས་རྒྱུན་ལ་འཐམ་པའི་སྐར་ཆ་རེ་རེ་ཡིན། བདག་ཉིན་གང་གི་བྲེལ་འཚུབ་ཀྱི་ལས་གནས་དང་བྲལ་ཏེ་དྲོད་ཁོལ་གྱི་རང་ཁྱིམ་དུ་སླེབས་མ་ཐག ཡང་བསྐྱར་སྒོ་རྡུང་བ་ནི་ཆེས་སུན་སྣང་སྐྱེ་བའི་ལས་ཀ་ཉག་ཅིག་གོ

    2018-09-29 09:36:15
    སྒྲུང་གཏམ།
  • ཉིན་གཅིག་གི་འཕྲིན་ཕྲན།

    ​ངས་ངེས་པར་སྒྲུང་འདི་འབྲི་དགོས། སྒྲུང་འདིའི་ས་བོན་ཅི་ཞིག་ཡིན་པ་སྒྲུང་བཀླགས་ཚར་རྗེས་ཤེས་ངེས། ཉི་མ་དེའི་སྔ་དྲོར་འཕྲིན་ཕྲན་སྒང་ནས་ང་ཁྱེད་ལ་ཏོག་ཙམ་འཕྲད་ཀྱང་། ངས་ཁྱེད་ལ་སྣང་བ་གང་ཡང་མ་བཏང་། རྒྱུ་མཚན་འུ་གཉིས་ཀྱིས་འཕྲིན་ཕྲན་ག་དུས་སྦྲེལ་བའང་བརྗེད་ཚར་ཞིང་། ད་དུང་འཕ

    2018-09-25 09:48:04
    སྒྲུང་གཏམ།
  • གྱོད་ཀྱིས་མི་ལང་བའི་དོན་དག་དེ་ཚོ།

    ང་དོ་ཚིགས་ནས་ལོ་བཞི་ཡིན། རང་གི་མི་ཚེ་ལ་ཕྱིར་ལྟ་ཞིག་བྱས་ན་ངོ་མ་ཞེ་གནོང་བ་ཞིག་རེད། མི་མང་གི་སྔུན་ནས་མགོ་ཡར་ལ་འགྱོག་སྲོལ་ཞིག་མེད་ཡ། དྲང་མོར་བཤད་ན། ངའི་མི་ཚེ་ཕྱེད་ཀ་འདི་ལ་བྱ་བ་དགའ་ཞིག་དང་ཡང་ན་གཞན་ལ་ངོམ་ཆོག་པ་སྣ་གཅིག་ཀྱང་ལས་མ་མྱོང་། དོན་དེ་རྣམས་ཡིད་ལ་དྲན་ཐེངས་

    2018-09-20 10:02:26
    སྒྲུང་གཏམ།
  • ལྷམ་ཆུང་།

    རྒྱ་མཚོ་ནི་ནགས་ཚལ་སློབ་ཆུང་གི་ལོ་རིམ་དྲུག་པའི་སློབ་མ་ཞིག་ཡིན། ད་ནི་སློབ་གྲྭས་དགུན་གནང་གཏོང་ལ་ཉེ། དགུན་གནང་གཏོང་ལ་ཉེ་བས། སློབ་གྲོགས་རྣམས་ཀྱི་གདོང་དུ་དགའ་སྤྲོའི་ཚོར་བ་ཀོར་རེ་འཁྱིལ་འདུག་ཅིང་། རྒྱ་མཚོ་ནི་སེམས་གཅོང་ངམ་ཅི་ཞིག་གིས་གདོང་ན་དགའ་སྤྲོའི་འཛུམ་མདངས་ཕར་

    2018-09-10 09:33:36
    སྒྲུང་གཏམ།
  • “བར་འདུག”

    བྱིས་བློ་དྭངས་གཙང་མ་ཡལ་བའི་བྱིས་པ་དང་འཚོ་བའི་ཉམས་མྱོང་འཛོམས་པའི་ལས་གྲོགས་ཚོའི་ཚོད་དཔག་དང་འདྲེས་པའི་གཏམ་གླེང་དག་གིས་ཁོའི་ངོ་གདོང་དམར་པོར་བཟོས་ཤིང་ལྷག་པར་རང་གི་སློབ་མ་ཚོའི་མདུན་དུ་ཁྲིམས་འཛིན་མི་སྣས་འདི་ལྟར་ཁྲིད་པར་རང་ཉིད་དཔེ་ཁྲིད་མི་སྐྱོང་གི་ལས་ཀ་པ་ཞིག་ཡིན་

    2018-09-03 10:55:36
    སྒྲུང་གཏམ།
  • ཨ་མ་གཡང་འཛོམས་དང་བུ་མོ་བདེ་སྐྱིད།

    དེ་རིང་ནི་ཉིས་སྟོང་བཅོ་བརྒྱད་ལོའི་སྤྱི་ཟླ་གསུམ་པའི་ཚེས་བཅོ་བརྒྱད་ཡིན་ལ། ང་རང་ཕ་ཡུལ་ནས་ཕྱིར་སྡེ་དགེ་རྫོགས་ཆེན་བཻཌཱུརྱ་གསོ་དཔྱད་སློབ་གླིང་དུ་འབྱོར་ཏེ་ལས་འཚོགས་ལ་ཞུགས་པའི་ཉིན་གསུམ་པ་དང་གཟའ་ཉི་མའི་ཉིན་གུང་རེད། ཡིན་ཡང་བདག་གིས་ཡུན་རིང་ཞིག་ལ་བསམ་ཞིང་བསྒོམས་པའི་ང

    2018-08-24 10:40:40
    སྒྲུང་གཏམ།
  • ཨ་ཁུ་ཐོད་པ་དང་ཁོའི་ཉིན་དེ་དག

    ཨ་ཁུ་ཐོད་པ་ཟི་ལིང་མཁར་གྱི་སྨན་ཁང་ཞིག་གི་སྒོ་མདུན་ནས་དུས་ཚོད་གཉིས་གསུམ་ཙམ་ལ་ཙོག་རྗེས།ཁོས་མགོ་བོ་འཕྲེད་དུ་གཡུག་བཞིན“ཨ་ཨ།ཟི་ལིང་མཁར་ན་མི་མང་བ་ལ།དེའི་ནང་ནས་ཀྱང་སྨན་ཁང་ན་མི་མང་བ་ལ།དེའི་ནང་ནས་ཀྱང་ལྷག་ཏུ་བོད་པ་མང་བ་ལ།དཀོན་མཆོག་གསུམ་པོས་མཁྱེན།བལྟས་ཀྱིན་བལྟས་ཀྱིན་

    2018-08-17 14:51:17
    སྒྲུང་གཏམ།
  • བཀྲ་ཤིས་ཟླ་བ།

    ལོ་དེའི་དབྱར་ཁར་བཀྲ་ཤིས་ཟླ་བའི་ཨ་མ་མི་འདོད་ནད་གདོན་གྱིས་དྲག་སྐྱེད་མ་བྱུང་བས་འཇིག་རྟེན་དཀར་ངོགས་འདི་དང་བྲལ། དེའི་རྗེས་སུ་ལོ་ན་དགུར་སོན་པའི་བཀྲ་ཤིས་ཟླ་བ་ཨ་མའི་ཡུལ་ཕྱོགས་དང་ཁ་བྲལ་ཏེ་ཨ་ཕའི་གམ་དུ་འཚོ་བ་མི་རོལ་ག་མེད་བྱུང་།

    2018-08-13 16:07:28
    སྒྲུང་གཏམ།
  • བུ་བཀྲ་ཤིས་པ་ཕར་གྱུར་པ།

    ཕོ་གཞོན་བཀྲ་ཤིས་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་ཏེ་ལས་གནས་ཐོག་ཞུགས་ནས་ད་བར་ཕོ་ལོ་ལྔ་ཙམ་འདས་ཟིན་པ། བཀྲ་ཤིས་ལ་ཆུང་དུས་ནས་ཕུགས་བསམ་ཞིག་ཡོད་པ་ནི་རྗེས་སུ་རང་ཉིད་ལག་ཆགས་རྗེས་དངུལ་མང་པོ་བསོགས་ནས་ཕ་མ་གཉིས་ལ་བཀའ་དྲིན་ཡག་པོ་གསོལ་དགོས་སྙམ་གྱིན་ཡོད་པ་དེ་ཡིན།

    2018-08-03 11:17:34
    སྒྲུང་གཏམ།