མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིང་གི་སྡོད་ཁང་གི་སྤྱི་གསོག་མ་དངུལ་ལམ་ལུགས་ཀྱི་ཁྱབ་རྒྱ་བསྐྱེད་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར།

རང་རེའི་ཞིང་ཆེན་གྱི་སྡོད་ཁང་གི་སྤྱི་གསོག་མ་དངུལ་གྱི་ལས་དོན་བསྟུད་མར་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་ཆེད། 《སྡོད་ཁང་གི་སྤྱི་གསོག་མ་དངུལ་དོ་དམ་སྲོལ་ཡིག》(རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་ཡིག་ཨང350བ)དང《རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་ཐེམ་ཁོངས་སུ་མེད་པའི་མི་འབོར་དུང་ཕྱུར1གི་ཁྱིམ་ཐོ་གྲོང་ཁྱེར་དུ་འགོད་པར་སྐུལ་འདེད་གཏོང་བའི་འཆར་གཞི་དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར》(རྒྱལ་གཞུང་སྤེལ〔2016〕ཨང72བ)གྱི་དགོངས་དོན་གཞིར་བཟུང་ཞིང་ཞིང་ཆེན་སྲིད་གཞུང་འཐད་པ་བྱུང་བ་བརྒྱུད་དེ། ད་ལྟ་སྡོད་ཁང་གི་སྤྱི་གསོག་མ་དངུལ་ལམ་ལུགས་ཀྱི་ཁྱབ་རྒྱ་བསྐྱེད་པའི་བྱ་བར་གཞིགས་ནས་གཤམ་གསལ་གྱི་བསམ་འཆར་བཏོན་པ་ཡིན།

གཅིག མཛུབ་སྟོན་བསམ་བློ།

ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། “སྔོན་ཐོབ་གཅིག་དང་སྤུས་མཐོ་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་ལྟར་སྡོད་ཁང་གི་སྤྱི་གསོག་མ་དངུལ་ལམ་ལུགས་ཀྱི་འདྲ་མཉམ་རང་བཞིན་དང་ཀུན་ཕན་རང་བཞིན་འབུར་དུ་དོད་པ་དང་། སྡེ་ཚན་གྱི་ངོ་བོ་དང་ལས་བཟོ་བའི་ཁྱིམ་ཐོའི་ཐོབ་ཐང་གི་ཚད་བཀག་གཏོར་ཏེ། སྡོད་ཁང་གི་སྤྱི་གསོག་མ་དངུལ་ལམ་ལུགས་དེ་སྤྱི་དབང་ལམ་ལུགས་མ་ཡིན་པའི་སྡེ་ཚན་གྱི་ལས་བཟོ་བ་དང་ཉིན་ཧྲིལ་བོའི་ལམ་ལུགས་མ་ཡིན་པའི་ལས་ཞུགས་མི་སྣ། སྒེར་གཉེར་བཟོ་ཚོང་བ། རང་མོས་ལས་རིགས་གཉེར་མཁན་སོགས་གྲོང་མི་གསར་བར་ཁྱབ་པར་ཧུར་ཐག་གིས་སྐུལ་འདེད་གཏོང་བ་དང་། “བསྐྲུན་དགོས་པ་དག་བསྐྲུན་པ་དང་སྤྲོད་དགོས་པ་དག་སྤྲོད་པ”རིམ་བཞིན་མངོན་འགྱུར་བྱས་ཐོག ཁྲིམས་ལྟར་གསོག་འཇོག་དང་ནུས་ལྡན་གྱིས་བཀོལ་སྤྱོད། ལས་ཕྱོད་མཐོན་པོའི་སྒོ་ནས་ཞབས་ཕྱི་སྒྲུབ་པའི་སྲིད་ཇུས་མ་ལག་དང་སྤྱི་གསོག་མ་དངུལ་དོ་དམ་ལམ་ལུགས་འཐུས་ཚང་དུ་བཙུགས་ཏེ། རྒྱ་ཆེ་བའི་ལས་བཟོ་བའི་སྡོད་ཁང་གི་ཆ་རྐྱེན་ལེགས་སྒྱུར་བྱེད་པར་ཕན་ནུས་ལྡན་པའི་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱ་དགོས།

གཉིས། གཞི་རྩའི་རྩ་དོན།

(གཅིག)ཁྱབ་ཁོངས་ངེས་གསལ་བྱས་ནས་ཁྲིམས་ལྟར་གསོག་སྤྲོད་བྱ་དགོས། 《སྡོད་ཁང་གི་སྤྱི་གསོག་མ་དངུལ་དོ་དམ་སྲོལ་ཡིག》ལས་གཏན་འཁེལ་བྱས་པའི་མཁར་གྲོང་གི་སྡེ་ཚན་རིགས་སྣ་ཚོགས་དང་དེ་དག་གི་ལས་ཐོག་ལས་བཟོ་བར་ངེས་པར་དུ་ཁྲིམས་ལྟར་སྡོད་ཁང་གི་སྤྱི་གསོག་མ་དངུལ་ལམ་ལུགས་གཟུགས་དགོས་པ་ལས་གཞན། ས་ཁུལ་སོ་སོ་དང་སྡེ་ཚན་སོ་སོས་སྡེ་ཚན་བར་དུ་ཁྲིམས་ལྟར་ངལ་རྩོལ་གན་རྒྱ་བཞག་ཡོད་པའི་གདན་ཞུས་དང་ངལ་རྩོལ་དུ་མངགས་པ་སོགས་ལས་ཞུགས་མི་སྣ་དང་མཁར་གྲོང་གི་སྒེར་གཉེར་བཟོ་ཚོང་བ། རང་མོས་ལས་རིགས་གཉེར་མཁན། གྲོང་ཁྱེར་དུ་སོང་ནས་ལས་ཀ་གཉེར་མཁན(གཤམ་དུ་སྤྱི་མིང་ལ་རང་གསོག་རང་སྤྲོད་མི་སྣ་ཟེར་རྒྱུ)སོགས་སྡོད་ཁང་གི་སྤྱི་གསོག་མ་དངུལ་ལམ་ལུགས་ཁྱབ་པའི་ཁོངས་སུ་བསྡུ་དགོས།

(གཉིས།)རིགས་དགར་བ་དང་གོ་རིམ་ལྡན་ཞིང་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏང་དགོས། རྒྱལ་ཁབ་ལས་ཁུངས་དང་དོན་ལས་སྡེ་ཚན། སྤྱི་ཚོགས་ཚོགས་པ་དང་རྒྱལ་དབང་ཁེ་ལས་བཅས་ཀྱིས་སྔོན་ལ་ལས་བཟོ་བ་ཡོངས་ལ་ཁྱབ་པ་མངོན་འགྱུར་བྱས་ཏེ། རང་སྡེ་ཚན་གྱི་ལས་ཞུགས་མི་སྣར(གདན་ཞུས་མི་སྣ་དང་ངལ་རྩོལ་དུ་མངགས་པའི་མི་སྣ་སོགས་འདུ)སྡོད་ཁང་གི་སྤྱི་གསོག་མ་དངུལ་གསོག་སྤྲོད་བྱ་དགོས། སྤྱི་དབང་ལམ་ལུགས་མིན་པའི་ཁེ་ལས་ཀྱིས་སྡོད་ཁང་གི་སྤྱི་གསོག་མ་དངུལ་ལམ་ལུགས་གཟུགས་པར་ཧུར་ཐག་གིས་ཁྲིད་སྟོན་བྱེད་པ་དང་། གཙོ་བོ་གཞི་ཁྱོན་ལྡན་པ་ཡན་གྱི་སྤྱི་དབང་ལམ་ལུགས་མ་ཡིན་པའི་ཁེ་ལས་དང་ཁེ་ལས་གཙོ་བོ། གཞི་ཁྱོན་ཅུང་ཆེ་བའི་ཁེ་ལས་གཞན་པ་བཅས་ཀྱིས་གསོག་སྤྲོད་ཀྱི་རྒྱ་བསྐྱེད་པར་སྐུལ་འདེད་བཏང་ནས། ཁེ་ལས་ཆེ་གྲས་རིགས་ཀྱི་དཔེ་སྟོན་བྱེད་ནུས་འདོན་སྤེལ་བྱ་དགོས། དཀའ་ཁག་ཡོད་པའི་ཁེ་ལས་ཆུང་འབྲིང་ལ་དམིགས་གཏད་ཡོད་པའི་སྒོ་ནས་སྲིད་ཇུས་ཐད་ནས་ཁྲིད་སྟོན་བྱེད་ཅིང་། དོ་དམ་མི་སྣ་དང་ངལ་རྩོལ་འབྲེལ་བ་བརྟན་འཇགས་ཡོད་པའི་ལས་བཟོ་བའི་ཁྲོད་དུ་སྔོན་ལ་སྡོད་ཁང་གི་སྤྱི་གསོག་མ་དངུལ་ལམ་ལུགས་འཛུགས་པ་དང་། རིམ་བཞིན་ལས་བཟོ་བ་ཡོངས་ལ་ཁྱབ་པ་མངོན་འགྱུར་བྱ་དགོས། མཁར་གྲོང་གི་རང་གསོག་རང་སྤྲོད་མི་སྣས་རང་འཐད་སྒོས་སྡོད་ཁང་གི་སྤྱི་གསོག་མ་དངུལ་རང་གསོག་རང་སྤྲོད་བྱེད་པར་སྐུལ་བསྟོད་བྱ་དགོས།

(གསུམ།)ཆ་འཕྲིན་ཁྲོམ་བསྒྲགས་དང་ལྟ་སྐུལ་དོ་དམ་ཐད་ལ་ཤུགས་བསྣན་དགོས། སྲིད་གཞུང་གི་ཆ་འཕྲིན་ཁྲོམ་བསྒྲགས་ཀྱི་འབྲེལ་ཡོད་བླང་བྱ་ལྟར། སྲིད་གཞུང་གི་དྲ་བ་དང12329ལས་སྟེགས་སོགས་ཐབས་ལམ་བེད་སྤྱོད་གང་ལེགས་བྱས་ཏེ། དུས་ཐོག་དང་གནད་འཁེལ་གྱི་སྒོ་ནས་སྡོད་ཁང་གི་སྤྱི་གསོག་མ་དངུལ་གྱི་སྲིད་ཇུས་སྐོར་གྱི་འབྲེལ་ཡོད་ཆ་འཕྲིན་ཕྱོགས་ཡོངས་ནས་ཁྲོམ་བསྒྲགས་བྱས་ཏེ། བྱེད་སྒོའི་མངོན་གསལ་རང་བཞིན་ཇེ་དྲག་དང་སྲིད་ཇུས་ཤེས་རྟོགས་ཀྱི་ཚད་ཇེ་མཐོར་གཏང་དགོས། ཐེར་འདོན་ཞུ་གཏུག་རྐྱེན་སྲོལ་བཙུགས་ནས་སྤྱི་ཚོགས་ཀྱི་མང་ཚོགས་ཚོའི་ལྟ་སྐུལ་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱས་ཏེ། ལས་རིགས་ཀྱི་ལྟ་སྐུལ་དོ་དམ་ཤུགས་དྲག་ཏུ་གཏང་དགོས།

གསུམ། གསོག་སྤྲོད་དང་བཀོལ་སྤྱོད་སྲིད་ཇུས་ཚད་ལྡན་དུ་གཏང་དགོས།

(གཅིག)གསོག་སྤྲོད་ཚད་གཞི་ཚད་ལྡན་དུ་གཏང་དགོས། སྡོད་ཁང་གི་སྤྱི་གསོག་མ་དངུལ་གསོག་སྤྲོད་གཞི་གྲངས་དེ་ལས་བཟོ་བའི་ལོ་འཁོར་གོང་མའི་ཟླ་རེའི་ཆ་སྙོམས་ཟླ་ཕོགས་གཞིར་བཟུང་ནས་གཏན་འཁེལ་བྱ་དགོས་ལ། ཆེས་མཐོ་ནའང་ལས་བཟོ་བའི་ལས་གནས་ཡོད་སའི་གྲོང་ཁྱེར(ཁུལ)གྱི་བསྡོམས་རྩིས་སྡེ་ཁག་གིས་ཁྱབ་བསྒྲགས་བྱས་པའི་ལོ་འཁོར་གོང་མའི་ལས་བཟོ་བའི་ཟླ་རེའི་ཆ་སྙོམས་ཟླ་ཕོགས་ཀྱི་ལྡབ3ལས་བརྒལ་མི་རུང་བ་དང་། ལས་བཟོ་བའི་ས་གནས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ཁྱབ་བསྒྲགས་བྱས་པའི་ཆེས་དམའ་བའི་ཟླ་ཕོགས་ཀྱི་ཚད་གཞི་ལས་དམའ་མི་རུང་། སྡེ་ཁག་གི་ལས་ཞུགས་མི་སྣ་ཡིན་ན། ལས་བཟོ་བ་དང་སྡེ་ཚན་གྱིས་གསོག་སྤྲོད་བྱེད་པའི་བསྡུར་ཚད5%ལས་དམའ་མི་རུང་ལ། 12%ལས་མཐོ་མི་རུང་། རང་གསོག་རང་སྤྲོད་མི་སྣས་གསོག་སྤྲོད་བྱེད་པའི་བསྡུར་ཚད10%ལས་དམའ་མི་རུང་ལ། 24%ལས་མཐོ་མི་རུང་། བྱེ་བྲག་གི་གསོག་སྤྲོད་གཞི་གྲངས་དང་བསྡུར་ཚད་དེ་ས་གནས་སོ་སོའི་སྡོད་ཁང་གི་སྤྱི་གསོག་མ་དངུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་གཏན་འཁེལ་བྱ་དགོས། ས་གནས་སོ་སོས་ཚོང་འགུགས་དངུལ་འདྲེན་བྱེད་ཁྲོད་དུ་སྡོད་ཁང་གི་སྤྱི་གསོག་མ་དངུལ་གསོག་སྤྲོད་བྱ་མི་དགོས་པའམ་དུས་འགྱངས་བྱ་ཆོག་ཚུལ་ ཁས་ལེན་མི་རུང་ལ། འཇོན་མི་ནང་འདྲེན་བྱེད་སྐབས་གཞི་གྲངས་དང་བསྡུར་ཚད་ལས་བརྒལ་ཏེ་སྡོད་ཁང་གི་སྤྱི་གསོག་མ་དངུལ་གསོག་སྤྲོད་བྱ་མི་ཆོག

(གཉིས།)གསོག་སྤྲོད་ཞིབ་བཤེར་ནན་མོ་བྱ་དགོས། ས་གནས་སོ་སོའི་སྡོད་ཁང་གི་སྤྱི་གསོག་མ་དངུལ་དོ་དམ་ལས་ཁུངས་ཀྱིས་གསོག་སྤྲོད་ཞིབ་བཤེར་ལམ་ལུགས་འཐུས་ཚང་དུ་གཟུགས་དགོས་ཤིང་། གཟབ་ནན་སྒོས་སྲིད་ཇུས་ཀྱི་གཏན་ཕབ་ལྟར་སྡོད་ཁང་གི་སྤྱི་གསོག་མ་དངུལ་གྱི་གསོག་སྤྲོད་ཆ་རྐྱེན་གཏན་འཁེལ་བྱས་ཏེ། སྲོལ་འགལ་གྱིས་གསོག་སྤྲོད་བྱེད་པ་སྔོན་འགོག་བྱ་དགོས། ཐོན་སྐྱེད་བདག་གཉེར་ལ་དཀའ་ཁག་ཡོད་པའི་ཁེ་ལས་ཀྱིས་གཏན་ཕབ་ལྟར་གསོག་སྤྲོད་བསྡུར་ཚད་ཇེ་དམའ་རུ་གཏོང་བའམ་འགྱངས་སྤྲོད་བྱེད་པའི་རེ་བ་ཞུ་ཆོག

(གསུམ།)བཀོལ་སྤྱོད་སྲིད་ཇུས་དོན་འཁྱོལ་བྱ་དགོས། ས་གནས་སོ་སོའི་སྡོད་ཁང་གི་སྤྱི་གསོག་མ་དངུལ་དོ་དམ་སྡེ་ཁག་གིས་སྲིད་ཇུས་ཀྱི་གཏན་འཁེལ་དོན་འཁྱོལ་ནན་མོ་བྱས་ནས། སྡོད་ཁང་གི་སྤྱི་གསོག་མ་དངུལ་བཀོལ་སྤྲོད་སྲིད་ཇུས་ངེས་པ་དོན་གྱིས་ཚད་ལྡན་དུ་གཏང་དགོས་པ་དང་། གཞི་རྩ་འགན་སྲུང་དང་ལེགས་སྒྱུར་ལ་རྒྱབ་སྐྱོར་བྱེད་པ་ནས་མགོ་བརྩམས་ཏེ། ལས་བཟོ་བའི་གཞི་རྩའི་སྡོད་ཁང་གི་འཛད་སྤྱོད་དགོས་མཁོ་གཙོ་གནད་དུ་བཟུང་ནས་རྒྱབ་སྐྱོར་བྱ་དགོས་ལ། སྲིད་ཇུས་ཀྱིས་གཏན་འཁེལ་བྱས་པའི་བཀོལ་སྤྱོད་ཁྱབ་ཁོངས་ལས་བརྒལ་མི་རུང་། རང་གསོག་རང་སྤྲོད་མི་སྣར་གསོག་སྤྲོད་རང་འདོད་དང་ཕྱིར་ལེན་རང་དབང་གི་རྩ་དོན་ལྟར་མི་སྒེར་གྱི་སྡོད་ཁང་གི་སྤྱི་གསོག་མ་དངུལ་ལེན་པ་དང་སྡོད་ཁང་གི་སྤྱི་གསོག་མ་དངུལ་ལས་མི་སྒེར་གྱི་སྡོད་ཁང་གི་དངུལ་བུན་བསྐྱི་བར་རེ་བ་ཞུ་བ་སོགས་ཀྱི་དབང་ཆ་འདྲ་མཉམ་སྒོས་ལོངས་སུ་སྤྱོད་དབང་ཡོད། སྤྱི་གསོག་མ་དངུལ་ལེན་པ་དང་དངུལ་བུན་སྐྱི་བའི་འགྲོ་ལུགས་བསྒྲུབ་དགོས་ཚེ། ས་གནས་སོ་སོས་གཏན་འབེབས་བྱས་པའི་སྡོད་ཁང་གི་སྤྱི་གསོག་མ་དངུལ་ལེན་པ་དང་དངུལ་བུན་སྐྱི་བའི་སྲིད་ཇུས་ལྟར་འབྲེལ་ཡོད་འགྲོ་ལུགས་བསྒྲུབ་དགོས།

བཞི། ཡུན་ཕན་རྐྱེན་སྲོལ་གཟུགས་དགོས།

(གཅིག)ལྟ་སྐུལ་དོ་དམ་ཤུགས་དྲག་ཏུ་གཏང་དགོས། ས་གནས་སོ་སོའི་སྡོད་ཁང་གི་སྤྱི་གསོག་མ་དངུལ་དོ་དམ་ལས་ཁུངས་ཀྱིས་ལྟ་སྐུལ་བྱེད་ཤུགས་དངོས་གནས་ཇེ་དྲག་ཏུ་གཏང་དགོས་ལ། སྡོད་ཁང་གི་སྤྱི་གསོག་མ་དངུལ་དོ་དམ་སྡེ་ཁག་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། ནོར་སྲིད། བཟོ་ཚོང་། ཁྲལ་དོན། བཟོ་ཚོགས་སོགས་སྡེ་ཁག་དང་མཉམ་འབྲེལ་གྱིས་ལྟ་སྐུལ་དོ་དམ་རྐྱེན་སྲོལ་འཐུས་ཚང་དུ་གཟུགས་དགོས་ཤིང་། རང་སྲིད་འཛིན་ས་ཁོངས་ནང་ཁུལ་གྱི་སྡེ་ཚན་གྱིས་སྡོད་ཁང་གི་སྤྱི་གསོག་མ་དངུལ་གསོག་སྤྲོད་མི་བྱེད་པའམ་ལས་བཟོ་བར་སྤྱི་གསོག་མ་དངུལ་གྱི་རྩིས་ཐོ་མི་འཛུགས་པ་དང་སྤྱི་གསོག་མ་དངུལ་ཉུང་སྤྲོད་དམ་ཆད་སྤྲོད་བྱེད་པ་སོགས་ཀྱི་བྱ་སྤྱོད་ཡོད་ན། 《སྡོད་ཁང་གི་སྤྱི་གསོག་མ་དངུལ་དོ་དམ་སྲོལ་ཡིག》གི་གཏན་འཁེལ་ལྟར་སྲིད་འཛིན་ཐོག་གི་ཆད་པ་གཅོད་པའམ་མི་དམངས་ཁྲིམས་ཁང་ལ་བཙན་ཤུགས་ཀྱིས་ལག་བསྟར་བྱ་རྒྱུའི་རེ་འདུན་ཞུ་ཆོག སྡོད་ཁང་གི་སྤྱི་གསོག་མ་དངུལ་མི་སྤྲོད་པ་དང་ཆད་སྤྲོད་བྱེད་པའི“མིང་ཐོ་ནག་པོའི”ལམ་ལུགས་འཐུས་ཚང་དུ་བཙུགས་ནས། གཏན་འཁེལ་ལྟར་སྡོད་ཁང་གི་སྤྱི་གསོག་མ་དངུལ་གྱི་ལམ་ལུགས་མ་བཙུགས་པའམ་སྡོད་ཁང་གི་སྤྱི་གསོག་མ་དངུལ་ཆད་སྤྲོད་བྱེད་པའི་སྡེ་ཁག་ཐེར་འདོན་བྱ་དགོས་པར་མ་ཟད། མི་དམངས་དངུལ་ཁང་གི་ཡིད་རྟོན་མ་ལག་དང་སྲིད་གཞུང་གི་ཡིད་རྟོན་ཆ་འཕྲིན་སྟེགས་བུའི་སྟེང་དུ་བཀོད་དེ། ཡིད་རྟོན་ཤོར་བ་ལ་མཉམ་འབྲེལ་གྱིས་ཆད་གཅོད་བསླབ་འདོམས་བྱ་དགོས།

(གཉིས།)དཔྱད་ཞིབ་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་སྡོད་ཁང་གི་སྤྱི་གསོག་མ་དངུལ་གསོག་སྤྲོད་བྱས་པའི་གནས་ཚུལ་དེ་སྡོད་ཁང་གི་སྤྱི་གསོག་མ་དངུལ་དོ་དམ་སྡེ་ཁག་གི་ལས་ཕྱོད་དོ་དམ་དཔྱད་ཞིབ་ཀྱི་ནང་དོན་དུ་འཇུག་དགོས། སྡོད་ཁང་གི་སྤྱི་གསོག་མ་དངུལ་གྱི་ཁྱབ་རྒྱ་བསྐྱེད་པའི་བྱ་བའི་གནས་ཚུལ་ལ་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱ་དགོས་ལ། བྱ་བ་དོན་འཁྱོལ་མི་བྱེད་པ་དང་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་མེད་པ་ལ་བརྡ་བསྒྲགས་སྐྱོན་བརྗོད་དང་དུས་བཅད་ནང་ལེགས་བཅོས་བྱེད་དུ་འཇུག་དགོས། དེ་དང་ཆབས་ཅིག་ཏུ་སྡོད་ཁང་གི་སྤྱི་གསོག་མ་དངུལ་དོ་དམ་ལས་ཁུངས་སོ་སོས་མངོན་གསལ་དང་འདྲ་མཉམ། ནུས་མཐོའི་རྩ་དོན་གཞིར་བཟུང་སྟེ། འོས་འགུགས་ལེགས་འདེམས་ཀྱིས་སྡོད་ཁང་གི་སྤྱི་གསོག་མ་དངུལ་གྱི་བྱེད་སྒོ་མངགས་བཅོལ་ལྟར་སྤེལ་མཁན་དངུལ་ལོར་ལས་ཁུངས་གཏན་འཁེལ་བྱ་དགོས་པར་མ་ཟད། དཔྱད་ཞིབ་ཤུགས་ཚད་དང་མཇུག་འབྲས་བེད་སྤྱོད་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས།

(གསུམ།)ཉེན་ཁ་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས། ས་གནས་སོ་སོའི་སྡོད་ཁང་གི་སྤྱི་གསོག་མ་དངུལ་དོ་དམ་ལས་ཁུངས་ཀྱིས་མ་དངུལ་གྱི་ཉེན་ཁ་འགོག་ཟོན་ལམ་ལུགས་དང་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། ལྷག་པར་དུ་གསོག་སྤྲོད་དང་དངུལ་བུན་གྱི་ཉེན་ཁར་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་བཏང་སྟེ། ཞིབ་བཤེར་མཆན་འགོད་དོན་ཚན་དང་བྱེད་སྒོ་སྒྲུབ་རིམ། མ་དངུལ་དོ་དམ་བཅས་ཀྱི་ཁྲོད་གནས་པའི་མངོན་མེད་ཉེན་ཁ་ནན་ཏན་སྒོས་གཙང་སེལ་དང་གཙང་བཤེར་བྱ་དགོས་ཤིང་། ཇུས་ཆོད་རྐྱེན་སྲོལ་དང་ནང་ཁུལ་གྱི་ལྟ་བཤེར་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། མ་དངུལ་བདེ་འཇགས་ཀྱི་ཉེན་ཁར་འགོག་ཟོན་ ནུས་ཚད་མུ་མཐུད་དུ་ཇེ་ཆེར་གཏང་དགོས།

ལྔ། འགན་སྲུང་བྱེད་ཐབས་འཐུས་ཚང་དུ་གཏང་དགོས།

(གཅིག)རྩ་འཛུགས་དང་མགོ་ཁྲིད་ཤུགས་དྲག་ཏུ་གཏང་དགོས། ས་གནས་སོ་སོས་སྡོད་ཁང་གི་སྤྱི་གསོག་མ་དངུལ་ལམ་ལུགས་ཀྱི་ཁྱབ་རྒྱ་བསྐྱེད་པའི་མཐུན་སྦྱོར་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་བཙུགས་ནས། སྡོད་ཁང་གི་སྤྱི་གསོག་མ་དངུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་སྣེ་འཁྲིད་པ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། ནོར་སྲིད། བཟོ་ཚོང་། ཁྲལ་དོན། བཟོ་ཚོགས་སོགས་འབྲེལ་ཡོད་སྡེ་ཁག་མཉམ་ཞུགས་བྱས་ཏེ། རང་ས་ཁུལ་གྱི་སྡོད་ཁང་གི་སྤྱི་གསོག་མ་དངུལ་ཁྱབ་རྒྱ་བསྐྱེད་པའི་བྱ་བ་ཏན་ཏིག་གིས་རྩ་འཛུགས་བྱས་ཏེ་སྤེལ་དགོས། སྡོད་ཁང་གི་སྤྱི་གསོག་མ་དངུལ་གྱི་དོན་ཚན་དེ་ངལ་རྩོལ་གན་རྒྱ་དང་གདན་ཞུའི་གན་རྒྱའི་ནང་དོན་དངོས་ཀྱི་ཚན་པར་འཇོག་སྟངས་འཚོལ་ཞིབ་བྱས་ཏེ། རང་གསོག་རང་སྤྲོད་མི་སྣར་ཁྲིམས་ལྟར་སྡོད་ཁང་གི་སྤྱི་གསོག་མ་དངུལ་གསོག་སྤྲོད་བྱེད་པར་ནུས་ལྡན་གྱི་འགན་སྲུང་འདོན་སྤྲོད་བྱ་དགོས། རང་གསོག་རང་སྤྲོད་མི་སྣས་སྡོད་ཁང་གི་སྤྱི་གསོག་མ་དངུལ་གསོག་སྤྲོད་དང་བཀོལ་སྤྱོད་ཀྱི་བྱེ་བྲག་གི་ཐབས་ཤེས་དང་ལག་བསྟར་བྱེད་སྲོལ་ཞིབ་ཕྲ་དོན་དངོས་དང་སྦྲེལ་ཏེ་གཏན་འབེབས་བྱ་དགོས་པར་མ་ཟད། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་ལ་སྙན་སེང་ཞུས་ནས་ཐོ་འགོད་བྱ་དགོས།

(གཉིས།)བྱ་བའི་འགན་འཁྲི་དོན་འཁྱོལ་བྱ་དགོས། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གིས་ས་གནས་སོ་སོའི་སྡོད་ཁང་གི་སྤྱི་གསོག་མ་དངུལ་ཁྱབ་རྒྱ་བསྐྱེད་པའི་བྱ་བར་མཛུབ་སྟོན་དང་ཞིབ་བཤེར་དཔྱད་ཞིབ་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས། རིམ་པ་སོ་སོའི་ནོར་སྲིད་སྡེ་ཁག་གིས་སྡོད་ཁང་གི་སྤྱི་གསོག་མ་དངུལ་གསོག་སྤྲོད་དང་བཀོལ་སྤྱོད་བྱེད་པར་ལྟ་སྐུལ་གྱི་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས་པར་མ་ཟད། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས། རིམ་པ་སོ་སོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་དང་ལས་རིགས་སོ་སོའི་རྩ་འཛུགས་ཀྱིས་སྡོད་ཁང་གི་སྤྱི་གསོག་མ་དངུལ་གསོག་སྤྲོད་བྱ་རྒྱུ་དེ་ངལ་རྩོལ་གན་རྒྱ་དང་གདན་ཞུའི་གན་རྒྱའི་གྲོས་མཐུན་དོན་ཚན་དུ་བཀོད་དེ། ཚད་ལྡན་དུ་གཏོང་བ་དང་ཁྲིད་སྟོན་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས། རིམ་པ་སོ་སོའི་སྡོད་ཁང་གི་སྤྱི་གསོག་མ་དངུལ་དོ་དམ་ལས་ཁུངས་ཀྱིས་སྡོད་ཁང་གི་སྤྱི་གསོག་མ་དངུལ་གྱི་ཁྱབ་རྒྱ་བསྐྱེད་པའི་བྱ་བར་ཏན་ཏིག་གིས་སྐུལ་འདེད་བཏང་ནས། རང་ས་ཁུལ་གྱི་སྡེ་ཁག་སོ་སོས་ཁྲིམས་ལྟར་སྡོད་ཁང་གི་སྤྱི་གསོག་མ་དངུལ་གསོག་སྤྲོད་བྱེད་པར་ཁག་ཐེག་བྱ་དགོས། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་དང་མི་དམངས་དངུལ་ཁང་། སྤྱི་བདེ། བརྟན་ནོར་ཐོ་འགོད་དོ་དམ། དམངས་སྲིད་སོགས་སྡེ་ཁག་གིས་འབྲེལ་འདྲིས་མཐུན་སྦྱོར་ཐད་ལ་ཤུགས་བསྣན་ཏེ་ཆ་འཕྲིན་མཉམ་སྤྱོད་མངོན་འགྱུར་བྱ་དགོས། འབྲེལ་ཡོད་སྡེ་ཁག་དང་སྡེ་ཚན་གཞན་པས་རང་སྟེང་གི་འགན་ནུས་དང་སྦྲེལ་ཏེ་འབྲེལ་ཡོད་བྱ་བར་ཧུར་ཐག་གིས་རྒྱབ་སྐྱོར་དང་རམ་འདེགས་བྱས་ནས་ལེགས་སྒྲུབ་བྱ་དགོས།

(གསུམ།)ཞབས་ཕྱིའི་ཆུ་ཚད་ཇེ་མཐོར་གཏང་དགོས། ས་གནས་སོ་སོས་སྡོད་ཁང་གི་སྤྱི་གསོག་མ་དངུལ་གྱི་དོ་དམ་དང་ཞབས་ཕྱིའི་ནུས་པ་སྔར་ལས་ལྷག་པར་ཇེ་ཆེར་གཏོང་བ་དང་འགྲོ་ལུགས་སྒྲུབ་སྟངས་ཤུགས་ཆེན་པོས་སྟབས་བདེར་བཟོ་བ། བྱེད་སྒོ་སྒྲུབ་རིམ་ཇེ་ཐུང་དུ་གཏོང་བ། ཞབས་ཕྱི་སྒྲུབ་ཐབས་འཐུས་ཚང་དུ་བཏང་ནས། ལས་བཟོ་བས་སྡོད་ཁང་གི་སྤྱི་གསོག་མ་དངུལ་གསོག་སྤྲོད་དང་བཀོལ་སྤྱོད་བྱེད་སྐབས་དུས་ཐོག་དང་བདེ་མྱུར། ལས་ཕྱོད་མཐོན་པོ་བཅས་ཀྱི་ཞབས་ཕྱི་འདོན་སྤྲོད་བྱ་དགོས། དེ་དང་ཆབས་ཅིག་ཏུ་སྡོད་ཁང་གི་སྤྱི་གསོག་མ་དངུལ་ཆ་འཕྲིན་ཅན་དུ་བསྐྲུན་པར་མགྱོགས་མྱུར་ངང་སྐུལ་འདེད་བཏང་ནས། “སྦྲེལ་དྲ +”དང་གཞི་གྲངས་ཆེན་མོ་དང་སྤྲིན་སྟེགས་ཀྱི་ལག་རྩལ་བཀོལ་སྤྱོད་གང་ལེགས་བྱས་ཐོག དེང་རབས་ཆ་འཕྲིན་ཚན་རྩལ་བྱེད་ཐབས་དང་མིས་བཟོས་རིག་ནུས་བཀོལ་སྤྱོད་བྱས་པ་བརྒྱུད་དེ། ཞབས་ཕྱི་སྒྲུབ་སྟངས་རྒྱུན་མ་ཆད་པར་གསར་གཏོད་བྱས་ནས་ཞབས་ཕྱིའི་ནུས་ཕྱོད་དངོས་གནས་ཇེ་མཐོར་གཏང་དགོས།

(བཞི།)གླེང་ཕྱོགས་དྲིལ་སྒྲོག་ལ་ཁྲིད་སྟོན་བྱ་དགོས། ས་གནས་སོ་སོས་དྲིལ་སྒྲོག་གི་ཤུགས་ཚད་ཇེ་ཆེར་བཏང་ནས་ལམ་ལུགས་ཀྱི་ཁྱབ་རྒྱ་བསྐྱེད་པ་དང་སྤྱི་གསོག་མ་དངུལ་འདང་ངེས་བཀོལ་སྤྱོད་ལེགས་པོ་བྱེད་པ། ཞབས་ཕྱིའི་ཆུ་ཚད་ལེགས་སྒྱུར་སོགས་ཀྱི་གཙོ་གནད་བྱ་བར་གཞིགས་ཏེ་སྲིད་ཇུས་སྣ་ཚོགས་སྒྲོག་འགྲེལ་ལེགས་པོ་བྱེད་ཅིང་། རྣམ་པ་མང་བ་དང་ཐབས་ལམ་མང་པོའི་སྒོ་ནས་དམངས་ཕན་སྲིད་ཇུས་དང་ཞབས་ཕྱི་སྒྲུབ་ཐབས། བྱ་བའི་གྲུབ་འབྲས། ཉམས་མྱོང་གི་སྒྲུབ་ཐབས་བཅས་དྲིལ་སྒྲོག་བྱས་ཏེ། མི་བཀོལ་མཁན་སྡེ་ཚན་གྱིས་གསོག་སྤྲོད་ཀྱི་འོས་འགན་རང་འགུལ་སྒོས་ལག་བསྟར་བྱེད་པའི་སྤྱི་ཚོགས་ཀྱི་གླེང་ཕྱོགས་ཁོར་ཡུག་ཅིག་བསྐྲུན་དགོས།

བསམ་འཆར་འདི2018ལོའི་ཟླ10བའི་ཚེས5ཉིན་ནས་བཟུང་ལག་བསྟར་བགྱི་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིང་ནས།

2018ལོའི་ཟླ9བའི་ཚེས6ཉིན།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།