གཞན་གྱི་ཡིད་རྟོན་བྱང་བུ་རྙེད་ནས་འཛད་སྤྱོད་ བྱས་ན་ཁྲིམས་ཆད་ག་འདྲ་ཕོག

ངའི་ནུ་བོས་ཡིད་རྟོན་དངུལ་བྱང་ཞིག་རྙེད་རྗེས། འཛད་སྤྱོད་བྱེད་ཐུབ་མིན་ལ་ཚོད་ལྟ་བྱས་པ་ན།འཛད་སྤྱོད་བྱེད་ཐུབ་སོང་བས་ཁོས་སྒོར་ཁྲི1ལྷག་འཛད་སྤྱོད་བྱས་པ་རེད། རྗེས་སུ་ཉེན་རྟོག་པས་ཁོ་རང་བཙལ་ཡོང་བས་ཁོས་ཀྱང་རང་རྟོགས་སྒོས་དངུལ་བྱང་རྙེད་པ་དང་འཛད་སྤྱོད་བྱས་པའི་གོ་རིམ་ཡོངས་རྫོགས་ཁས་བླངས་ཤིང་། ད་ལྟ་ཁག་འཁུར་འདྲི་རྒྱུར་སྒུག་ཡོད། ཉེན་རྟོག་པས་བཤད་ན་ཁོའི་བྱ་སྤྱོད་དེ་ནི་ཡིད་རྟོན་བྱང་བུ་གཡོ་སྤྱོད་བྱས་པའི་ཁོངས་སུ་གཏོགས་ཟེར་མོད། འོན་ཀྱང་ངའི་ནུ་བོས་ཡིད་རྟོན་དངུལ་བྱང་དེ་གཡོ་ལེན་བྱས་པ་མིན་ལ།རྐུ་འཕྲོག་བྱས་པའང་མིན།

འདིར་འདྲི་རྒྱུ་ཞིག་ནི། ངའི་ནུ་བོའི་བྱ་སྤྱོད་དེས་དངོས་གནས་ནག་ཉེས་བཟོས་ཡོད་དམ། སྒོར་ཁྲི་ལྷག་འཛད་སྤྱོད་བྱས་ན་སྤྱིར་བཏང་དུ་ཁྲིམས་ཆད་ལོ་དུ་ལ་གཅོད་པ་རེད།

ཁྱེད་ཀྱི་ནུ་བོས་མི་གཞན་པའི་ཡིད་རྟོན་དངུལ་བྱང་རྙེད་རྗེས་མི་གཞན་པ་དེ་ཡིན་ཁུལ་གྱིས་འཛད་སྤྱོད་བྱས་པ་དེས། རང་རྒྱལ་གྱི་ཉེས་ཁྲིམས་སྟེང་གཏན་འཁེལ་བྱས་ཡོད་པའི་ཡིད་རྟོན་དངུལ་བྱང་གཡོ་སྤྱོད་བྱས་པའི་ཉེས་པ་བསགས་ཡོད།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》དོན་ཚན196པའི་ནང་དུ“གཤམ་གྱི་གནས་ཚུལ་ནང་གི་གཅིག་ལྡན་པའི་སྒོ་ནས། ཡིད་རྟོན་དངུལ་བྱང་གཡོ་སྤྱོད་བྱས་པ་དང་། གྲངས་འབོར་ཅུང་ཆེ་ན་ལོ་ལྔའི་མན་གྱི་དུས་བཀག་བཙོན་འཇུག་གམ་བཙན་ཉར་ལས་སྐུལ་གྱི་ཁྲིམས་ཆད་གཅོད་དགོས་པར་མ་ཟད། སྒོར་ཁྲི2ཡན་དང་ཁྲི20མན་གྱི་དངུལ་ཆད་གཅོད་དགོས། གྲངས་འབོར་ཆེ་བའམ་ཡང་ན་གནས་ཚུལ་ཚབས་ཆེན་བཟོས་ཡོད་ན། ལོ་ལྔའི་ཡན་དང་ལོ་བཅུ་མན་གྱི་དུས་བཀག་བཙོན་འཇུག་བྱེད་དགོས་པར་མ་ཟད། སྒོར་ཁྲི5ཡན་དང་ཁྲི50མན་གྱི་དངུལ་ཆད་གཅོད་དགོས། གྲངས་འབོར་ཧ་ཅང་ཆེ་བའམ་ཡང་ན་གནས་ཚུལ་ཧ་ཅང་ཚབས་ཆེན་བཟོས་ཡོད་ན། ལོ་བཅུའི་ཡན་གྱི་དུས་བཀག་བཙོན་འཇུག་གམ་ཚེ་བཙོན་བྱེད་དགོས་པར་མ་ཟད། སྒོར་ཁྲི་ལྔའི་ཡན་དང་ཁྲི་ལྔ་བཅུའི་མན་གྱི་དངུལ་ཆད་གཅོད་པའམ་ཡང་ན་རྒྱུ་ནོར་གཞུང་བཞེས་བྱེད་དགོས་པ”གཏན་འཁེལ་བྱས་ཡོད།

ཁྱོད་ཀྱི་ནུ་བོས་བཟོས་པའི་ནག་ཉེས་ཅུང་ཆུང་ཞིང་མཇུག་འབྲས་ཚབས་ཆེན་མིན་པའི་དབང་གིས། གལ་ཏེ་སྒོར་ཁྲི་གཅིག་པོ་དེ་དུས་ཐོག་ཏུ་ཕྱིར་སྤྲད་ན། དངུལ་ཆད་དང་ཁྲིམས་ཆད་ཀྱང་དེ་འདྲ་ཆེན་པོ་གཅོད་མི་སྲིད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།