ལས་ཞུགས་སྐོར་གྱི་བཅའ་ཁྲིམས། (གཅིག)

འབྲེལ་ཡོད་ཡིག་ཆ།

《བུད་མེད་ལྷན་ཚོགས་རྩ་འཛུགས་ཀྱིས་བུད་མེད་དག་གི་དྲང་བདེན་ལས་ཞུགས་ལ་སྐུལ་འདེད་གཏོང་པའི་གཏན་ཁེལ་སྐབས་བསྟུན་བྱེད་ཐབས། 》

བཅའ་ཁྲིམས་ཀྱི་གཞི་འཛིན་ས།

《བུད་མེད་ཀྱི་བདག་དབང་འགན་སྲུང་བཅའ་ཁྲིམས》ཀྱི་དོན་ཚན53པའི་ནང་གི་གཏན་འབེབས་ལྟར་ན། “བུད་མེད་དག་གི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཐེབས་པ་ན་བུད་མེད་རྩ་འཛུགས་བྱས་ཏེ་ཞུ་གཏུག་བྱས་ཆོག་ལ། བུད་མེད་རྩ་འཛུགས་ཀྱིས་གནོད་འཚེ་ཐེབས་པའི་བུད་མེད་དག་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་མ་ཟད། འབྲེལ་ཡོད་སྡེ་ཁག་དང་ཡང་ན་ལས་ཁུངས་དག་ལ་རྩད་གཅོད་རེ་འདུན་ཞུ་བའི་དབང་ཆ་ཡོད། འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་དག་གིས་ཁྲིམས་ལྟར་རྩད་གཅོད་ནན་མོ་བྱེད་དགོས་པ་མ་ཟད་ཕྱིར་ལན་གསལ་བོ་ཞིག་འདེབས་དགོས།”

《ལས་ཞུགས་ལ་སྐུལ་འདེད་བྱེད་པའི་བཅའ་ཁྲིམས》ཀྱི་དོན་ཚན3པའི་གཏན་འབེབས་ལྟར་ན། “ངལ་རྩོལ་མཁན་ལ་ཁྲིམས་ལྟར་དྲང་བདེན་ལས་ཞུགས་དང་རང་བདག་ལས་འདེམས་བྱེད་པའི་དབང་ཆ་ཡོད། ངལ་རྩོལ་མཁན་གྱི་ལས་ཞུགས་མཁན་ལ་མི་རིགས་དང་རིགས་རྒྱུད། ཕོ་མོ། ཆོས་ལུགས་དད་མོས་སོགས་མི་འདྲ་བའི་དབང་གིས་མཐོང་ཆུང་བྱས་མི་ཆོག བཟོ་ཚོགས་དང་གུང་ཁྲན་རིང་ལུགས་ཀྱི་གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས། དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། དེ་མིན་གཞན་པའི་སྤྱི་ཚོགས་རྩ་འཛུགས་བཅས་ཀྱིས་མི་དམངས་སྲིད་གཞུང་གི་ལས་ཞུགས་བྱ་བའི་སྐུལ་འདེད་ལ་རམ་འདེགས་བྱས་ཏེ། ཁྲིམས་ལྟར་ངལ་རྩོལ་མཁན་གྱི་ངལ་རྩོལ་བདག་དབང་ལ་སྲུང་སྐྱོབ་བྱེད་དགོས། ”

《ཀྲུང་ཧྭའི་རྒྱལ་ཡོངས་ཀྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྲིག་སྲོལ》དོན་ཚན3པའི་གཏན་འབེབས་ལྟར་ན། བུད་མེད་ལྷན་ཚོགས་རྩ་འཛུགས་ཀྱིས“བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས་ཏེ། བུད་མེད་དག་གི་བསམ་འཆར་ལ་ཉན་པ་དང་བུད་མེད་དག་གི་ཞུ་གཏུག་རེ་འདུན་དང་ལེན་བྱེད་པ། རིམ་པ་སོ་སོའི་རྒྱལ་ཁབ་ཀྱི་ལས་ཁུངས་ལ་འབྲེལ་ཡོད་བསམ་འཆར་འདོན་པ། འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་དག་གིས་བུད་མེད་དང་བྱིས་པའི་བདག་དབང་ལ་གནོད་འཚེ་ཐེབས་པའི་བྱ་སྤྱོད་ལ་རོགས་རམ་བྱེད་པའི་རེ་འདུན་བཏོན་ནས་རོགས་སྒྲུབ་བྱས་ཏེ། གནོད་འཚེ་ཐེབས་པའི་བུད་མེད་དང་བྱིས་པ་ལ་རོགས་རམ་མཁོ་འདོན་བྱེད་དགོས། ”

《བཟོ་ཚོགས་ཀྱི་བཅའ་ཁྲིམས》དོན་ཚན25པའི་གཏན་འབེབས་ལྟར་ན། “བཟོ་ཚོགས་ལ་ཁེ་ལས་དང་དོན་ལས་ལས་ཁུངས་དག་གིས་ལས་བཟོ་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའི་གནད་དོན་ཐད་ལ་རྩད་གཅོད་བྱེད་པའི་དབང་ཆ་ལྡན་ཞིང་། འབྲེལ་ཡོད་ལས་ཁུངས་དག་གིས་ཀྱང་དེར་བསྟུན་རོགས་རམ་བྱེད་དགོས། ”

གཅིག གྲོས་མོལ་གྱི་གོ་དོན། (གྲོས་མོལ་གྱི་ཁྱབ་ཁོངས། )

འགན་སྒྲུབ་བཅའ་ཁྲིམས་ཀྱིས་གྲོས་མོལ་ནི་བུད་མེད་ལྷན་ཚོགས་རྩ་འཛུགས་ཀྱིས་ལས་བསྡུ་དང་ལས་ཞུགས་བརྒྱུད་རིམ་ཁྲོད་བུད་མེད་དག་ལ་མཐོང་ཆུང་བྱས་པའི་གནད་དོན་གློ་བུར་བ་ཞིག་སྟེ། མི་བཀོལ་ལས་ཁུངས་ཀྱིས་གནས་ཚུལ་གསལ་འདོན་དང་བསམ་འཆར་ལ་ཉན་པ། བསམ་བློ་འབྲེལ་འདྲིས་དང་འགལ་ཟླ་བར་འདུམ། མཛུབ་སྟོན་བཅས་ཀྱིས་མི་བཀོལ་ལས་ཁུངས་ཀྱིས་མཐོང་ཆུང་བྱེད་པའི་བྱ་སྤྱོད་ལ་ལྟ་ཞིབ་ཚད་ལེན་དང་བྱ་སྤྱོད་དེ་བཅོས་སྒྱུར་བྱེད་དུ་བཅུག་ནས། དྲང་བདེན་གྱི་ལས་ཞུགས་དང་འབྲེལ་བའི་ལམ་ལུགས་དང་བྱེད་ཐབས་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བྱེད་པའི་སྲུང་སྐྱོབ་བྱ་བ་ལེགས་པོ་སྒྲུབ་དགོས།

གཉིས། གྲོས་མོལ་གྱི་ནང་དོན་གཙོ་བོ་དང་བྱེད་ཐབས། དམིགས་འབེན།

མི་བཀོལ་ལས་ཁུངས་ཀྱིས་གནས་ཚུལ་གསལ་འདོན་དང་བསམ་འཆར་ལ་ཉན་པ། བསམ་བློ་འབྲེལ་འདྲིས་དང་འགལ་ཟླ་བར་འདུམ། མཛུབ་སྟོན་བཅས་ཀྱི་བར་དུ་མི་བཀོལ་ལས་ཁུངས་ཀྱིས་མཐོང་ཆུང་བྱེད་པའི་བྱ་སྤྱོད་ལ་ལྟ་ཞིབ་ཚད་ལེན་དང་བྱ་སྤྱོད་དེ་བཅོས་སྒྱུར་བྱེད་དུ་བཅུག་ནས། དྲང་བདེན་གྱི་ལས་ཞུགས་དང་འབྲེལ་བའི་ལམ་ལུགས་དང་བྱེད་ཐབས་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བྱེད་པའི་སྲུང་སྐྱོབ་བྱ་བ་ལེགས་པོ་སྒྲུབ་དགོས།

གསུམ། མཐོང་ཆུང་དང་དོགས་གཞི་ཡོད་པའི་གནས་ཚུལ་གཙོ་བོ་འགའ།

(དང་པོ། )རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་བུད་མེད་ལ་མི་འཚམ་པའི་ལས་རིགས་དང་གོ་གནས་ལས་གཞན། ལས་བསྡུའི་བརྡ་འཕྲིན་ཁྲོད་སྐྱེས་པ་ཁོ་ན་དང་སྐྱེས་པར་དམིགས་གསལ་ཡོད་པ། ཡང་ན་བུད་མེད་ཀྱི་ལས་ཀ་འཚོལ་བའི་བླང་བྱ་མཐོར་འདེགས་སུ་བཏང་ཡོད་པ།

(གཉིས་པ།)བུད་མེད་ལས་བསྡུ་མཁན་གྱི་མཚམས་སྦྱོར་ཡི་གེ་མི་ལེན་པ་དང་ཡང་ན་མི་ལྟ་བ།

(གསུམ་པ། )ཆ་རྐྱེན་འདྲ་མཉམ་འོག་ཏུ་བུད་མེད་ལས་བསྡུ་མཁན་གྱི་ཡིག་རྒྱུགས་དང་ཁ་རྒྱུགས་ལ་ཚད་བཀག་བཟོས་ནས་རྒྱུགས་ལ་བསྐྱར་ཞུགས་བྱེད་པའི་གོ་སྐབས་སྤྲོད་པ།

(བཞི་པ།)ཐད་ཀར་དུ་བུད་མེད་ལས་བསྡུ་མཁན་གྱི་ཁྱིམ་ཚང་དང་བུ་ཕྲུག་གི་གནས་ཚུལ། ཡང་ན་མིག་སྔར་གཉེན་སྒྲིག་བྱས་ཡོད་མེད། འཆར་ལྡན་བུ་སྐྱེ་སོགས་ལ་འདྲི་རྟོག་བྱེད་པ།

(ལྔ་པ།)བཟའ་ཟླའི་བྱ་བའི་གནས་ཚུལ་དང་བྱིས་པ་སློབ་གྲྭར་འགྲོ་བ། བྱིས་པ་དག་གི་གནས་བབ་སོགས་ལ་རྩད་གཅོད་བྱས་ཏེ། བུད་མེད་ལས་བསྡུ་མཁན་དེ་གཉེན་སྒྲིག་བྱས་ཡོད་མེད་དང་མངལ་ཆགས་ཡོད་མེད། བྱིས་པའི་ཡོད་མེད་སོགས་ལ་ཚོད་དཔག་བྱེད་པ།

(དྲུག་པ།)བུད་མེད་དག་ལ་མཐོང་ཆུང་བྱེད་པའི་སྤྱོད་ལམ་གཞན་པ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།