མཐོ་རྒྱུགས་སློབ་བསྡུའི་སྐོར་གྱི་རྒྱུན་མཐོང་གི་མགོ་སྐོར་རིགས་དྲུག

1. སློབ་བསྡུ་དྲ་བ་རྫུན་མ་སྤྱད་དེ་མགོ་སྐོར་གཏོང་བ།

མགོ་སྐོར་གཏོང་མཁན་གྱིས་སློབ་གྲྭ་ཆེན་མོ་དང་ཡང་ན་སློབ་བསྡུ་གཞུང་ལས་ཁང་གི་མགོ་ཁྲིད་ཆེ་གེ་མོ་ངོ་ཤེས་ཚུལ་དང་།“ནང་ཁུལ་དུ་དམིགས་ཚད”ཡོད་ཚུལ།འགུལ་སྐྱོད་གྲོན་དངུལ་དང་སློབ་ཡོན་རྩག་རྩིག་སྤྲོད་དགོས་ཚུལ་སོགས་བཤད་དེ་མགོ་སྐོར་གཏོང་བཞིན་ཡོད།

2.“དམིགས་བསལ”གྱི་སྐར་མ་ཁ་སྣོན་གཟིགས་སྐྱོང་ཡོད་པར་བཤད་དེ་མགོ་སྐོར་གཏོང་བ།

མགོ་སྐོར་གཏོང་མཁན་གྱིས་སློབ་གསོ་ཅུས་དང་སློབ་གྲྭའི་མགོ་ཁྲིད་ཡིན་ཚུལ་གྱིས།སྐར་གྲངས་ཀྱི་ཚད་གཞི་མར་འབེབས་པ་དང་ཡང་ན་སྐར་གྲངས་ཁ་སྣོན་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་ཡོད་པས།དམིགས་བསལ་གྱི་འབྲེལ་བ་དང་ཐབས་ལམ་གྱིས་སྐར་གྲངས་མ་ལོངས་པའི་སློབ་མ་དེ“དམིགས་བསལ་སློབ་མ”ཡི་ཁོངས་སུ་བཞག་ནས་བསྡུ་རྒྱུ་ཡིན་ཚུལ་བཤད་དེ་མགོ་སྐོར་གཏོང་བཞིན་ཡོད།

3.འབྲེལ་མཐུད་མུའུ་མཱ་བསྐུར་ཏེ་མགོ་སྐོར་གཏོང་བ།

མགོ་སྐོར་གཏོང་མཁན་གྱིས་སློབ་མ་དང་ཁྱིམ་བདག་ལ་འབྲེལ་མཐུད་ཡོད་པའི་ཞབས་ཞུའི་འཕྲིན་ཐུང་བསྐུར་བ་དང་།གལ་ཏེ་འབྲེལ་མཐུད་དེར་སྦྲེལ་རྗེས།ལག་ཁྱེར་ཁ་པར་སྟེང་མྱུར་དུ་མུའུ་མཱ་ནད་དུག་ཕོག་སྟེ།ལག་ཁྱེར་ཁ་པར་སྟེང་སྦྲེལ་ཡོད་པའི་དངུལ་བྱང་གི་རྩིས་ཐོ་དང་གསང་གྲངས་རྐུ་ལ་ཤོར་བར་མ་ཟད།སྒོར་མོ་ཡང་རྐུ་བ་རེད།

4.“མཐོ་རྒྱུགས་ཁ་གསབ་རོགས་དངུལ”སྟེར་བར་ཁ་གཡར་ཏེ་མགོ་སྐོར་གཏོང་བ།

སློབ་མའི་ཆ་འཕྲིན་ཕྱི་ལ་ཤོར་བས།མགོ་སྐོར་གཏོང་མཁན་གྱིས་སྲིད་གཞུང་སྡེ་ཁག་གི་ལས་བྱེད་པ་ཡིན་ཁུལ་གྱིས།ཁ་པར་གྱི་ལམ་ནས་སློབ་མའི་མིང་དང་སློབ་གྲྭ་སོགས་ཀྱི་ཆ་འཕྲིན་མ་ནོར་བར་བཤད་དེ་སྔོན་ལ་སློབ་མ་ཡིད་ཆེས་སུ་འཇུག་པ་དང་།དེ་ནས་སློབ་མར“མཐོ་རྒྱུགས་ཁ་གསབ་རོགས་དངུལ”ལེན་དགོས་པའི་བརྡ་སྦྱོར་བཏང་ནས།སློབ་མ་དང་ཁྱིམ་བདག་ལATMསྟེང་ནས་རང་ཉིད་ལ་སྒོར་མོ་བསྐུར་དུ་འཇུག་བཞིན་ཡོད།

5.བརྡ་སྦྱོར་ཡི་གེ་རྫུན་མ་བཟོས་ནས་མགོ་བསྐོར་གཏོང་བ།

མགོ་སྐོར་གཏོང་མཁན་གྱིས་བསམ་བཞིན་དུ་སློབ་མ་བསྡུ་སྟངས་ཐད་ནས་རྙོག་དྲ་བཟོས་ཏེ།རང་རྒྱུགས་ལེན་པའི་རོགས་སྐྱོར་འཛིན་གྲྭ་དང་དྲ་ཐོག་སློབ་གསོ་འཛིན་གྲྭ་སོགས་ཀྱི་སློབ་བསྡུ་བརྡ་སྦྱོར་བཏང་ནས་མགོ་སྐོར་གཏོང་བ་དང་།ཡང་ན་སློབ་མ་བསྡུ་བའི་སློབ་གྲྭའི་དྲ་ངོས་ལྟར་དྲ་ངོས་རྫུན་མ་བཟོ་བ་དང་བརྡ་སྦྱོར་རྫུན་མ་བཏང་ནས།སློབ་མར་གཏན་འཁེལ་བྱས་ཡོད་པའི་རྩིས་ཐོ་སྟེང་དུ་སློབ་ཡོན་བསྐུར་དུ་འཇུག་པ་རེད།

6.དམག་དོན་སློབ་གྲྭར་རྫུས་ནས་མགོ་སྐོར་གཏོང་བ།

མགོ་སྐོར་གཏོང་མཁན་གྱིས་དམག་དོན་སློབ་གྲྭའི་སློབ་བསྡུ་ཡིག་ཆ་དང་སྒྲིག་ཡིག་རྫུན་མ་སྤྱད་དེ་མགོ་བསྐོར་གཏོང་བ་དང་།“ནང་ཁུལ་གྱི་སློབ་བསྡུའི་དམིགས་ཚད”དང“འཆར་གཞི་ཕྱི་རོལ་གྱི་སློབ་བསྡུའི་དམིགས་ཚད་གཞི”“དམག་དོན་སློབ་གྲྭས་སློབ་མ་མང་བསྡུ་བྱེད་པ”སོགས་ལ་ཁ་གཡར་ཏེ།སློབ་མར་བརྡ་སྦྱོར་ཡི་གེ་བསྐུར་བ་དང་།དེ་ནས་སྒོར་མོ་གཡོ་ལེན་བྱེད་ཀྱིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།