བུད་མེད་ཚོའི་བདེ་ཐང་སྐོར་གྱི་ཤེས་བྱ།

བུད་མེད་ཚོར་མཚོན་ན་ལུས་པོར་གཅེས་སྐྱོང་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན། འོ་ན་བུད་མེད་ཚོས་ལུས་པོར་ཇི་ལྟར་གཅེས་སྐྱོང་བྱེད་དགོས་སམ་ཞེ་ན།

གཅིག སེམས་ཁམས་བདེ་ཐང་ཡོང་བ་གལ་ཆེ།

ཟས་ཀྱི་ཡི་ག་ཇེ་ཆེར་འགྲོ་བ་དང་ལུས་པོར་ཚོ་གསོག་པ། ཐང་ཆད་པ། ལུས་ལ་སྟོབས་ཤུགས་མེད་པ་བཅས་ནི་ནད་རིགས་སྣ་ཚོགས་འབྱུང་བའི་སྔོན་རྟགས་ལྟ་བུ་རེད།

བུད་མེད་མང་པོ་ཞིག་གིས་ལུས་པོར་ཚོ་མི་གསོག་པའི་ཆེད་དུ། གཟའ་འཁོར་གཅིག་གི་ནང་དུ་ལུས་ཕུང་སྦྱོང་བརྡར་ཐེངས་དུ་ལ་བྱེད་པ་དང་ཟས་རིགས་གང་ཞིག་མི་བཟའ་བའམ་ཡང་ན་གང་ཞིག་ངེས་པར་དུ་བཟའ་དགོས་པ། དེ་མིན་ཆོས་ཉིད་དང་མི་མཐུན་པར་ལུས་པོ་སྦྱོང་བརྡར་བྱེད་ཚད་ཚད་ལས་བརྒལ་བ་བཅས་བྱེད་ཀྱིན་ཡོད། དེ་ལྟར་བྱས་ན་རང་ཉིད་ཀྱི་ལུས་ཕུང་མི་བདེ་བའི་ཁར་སེམས་ཁམས་ཀྱང་མི་སྐྱིད་པ་རེད། ལུས་ཁམས་མི་བདེ་བ་དང་སེམས་ཁམས་མ་སྐྱིད་ན་གཉིད་མི་ཁུག་པ་དང་། ལུས་པོར་ཚོ་གསོག་པ། ངོ་མདངས་མི་ལེགས་པ་སོགས་ཀྱི་གནད་དོན་མང་པོ་འབྱུང་གིན་ཡོད།

ཕུང་བོ་བདེ་མིན་དང་སེམས་ཁམས་སྐྱིད་མིན་ལ་བརྟག་དཔྱད་བྱེད་པའམ་མཉམ་འཇོག་བྱེད་རྒྱུ་ཤིན་ཏུ་གལ་ཆེ་མོད། འོན་ཀྱང་དགོས་མེད་རང་བཞིན་གྱིས་སེམས་ཁུར་བྱེད་པ་ནི་རང་གིས་རང་སྡུག་ལ་སྦྱོར་བའི་ཐབས་སུ་འགྲོ་བས་ན། ང་ཚོས་རྒྱུན་པར་སེམས་ཁམས་བདེ་ཐང་ཡོང་བ་དང་རྒྱུན་ལྡན་དུ་བལྟ་བ་ནི་བྱེད་ཐབས་གལ་ཆེན་ཡིན།

གཉིས། སེམས་ཁམས་སྐྱིད་པོ་ཡོང་རྒྱུ་གལ་ཆེ།

བུད་མེད་ཚོར་མཚོན་ན་སྐྱེས་པ་ཚོ་དང་མི་འདྲ་ས་ཞིག་ཡོད་པ་ནི་བརྩེ་བ་ཕུན་སུམ་ཚོགས་པ་དང་སེམས་ཁམས་ལ་འགྱུར་ལྡོག་འབྱུང་སླ་བ་ཡིན། ལྷག་པར་དུ་ཟླ་མཚན་འབྱུང་བའི་དུས་སུ་སེམས་ཁམས་སྐྱིད་པོ་མིན་པར་ཁོང་ཁྲོ་ལངས་སླ་བ་རེད།

བུད་མེད་ཚོས་རང་ཉིད་ཀྱི་སེམས་ཁམས་ཀྱི་འགྱུར་ལྡོག་དང་ལེན་བྱེད་དགོས། སྐྱེས་པ་ཚོ་ནི་བསྲན་ཚུགས་པ་དང་བཟོད་བསྲན་ཡོད་པ། ལྷོད་ཤ་ལྡན་པ་ཞིག་ཡིན། དེ་བས་སྐྱེས་པ་ཚོས་རང་གི་བུད་མེད་དང་བྱིས་པར་སེམས་ཁུར་བྱེད་ཤེས་དགོས་པར་མ་ཟད། ཁོ་ཚོའི་སེམས་ཁམས་དང་བསྟུན་ནས་ཚིག་འཇམ་པོར་སྨྲ་བ་དང་ཤ་ཚ་ཤེས་དགོས།

སེམས་ཁམས་མི་སྐྱིད་པའི་སྐབས་སུ། རང་ཉིད་ཀྱི་སེམས་ཁམས་མི་སྐྱིད་པའི་རྒྱུ་རྐྱེན་བཙལ་ནས་གནད་དོན་ལ་དབྱེ་ཞིབ་བྱེད་པ་དང་། རང་སེམས་རང་གིས་འདུལ་རྒྱུ་ནི་གལ་ཆེན་ཡིན། དེ་ལས་ལྡོག་སྟེ་ཁོང་ཁྲོ་ལངས་ན་ལུས་པོར་ནད་འབྱུང་བར་མ་ཟད་རྒས་ཚད་ཇེ་མགྱོགས་སུ་འགྲོ་བས། བུད་མེད་ཚོས་གོང་སྨྲས་བཞིན་སེམས་ཁམས་སྙོམ་སྒྲིག་བྱེད་ཤེས་དགོས།

གསུམ། འབྲེལ་བ་རྒྱུན་ལྡན་དུ་གཏོང་རྒྱུ་གལ་ཆེ།

སྐྱེས་པ་ཕལ་ཆེ་བ་ཞིག་གི་སེམས་ཁམས་ཀྱི་གནོན་ཤུགས་དང་སྤྲོ་བ་དེ་ལས་དོན་ལེགས་འགྲུབ་འབྱུང་མིན་ལ་རག་ལས་ཡོད། ཁོ་ཚོའི་སེམས་ཁུར་དང་དོ་སྣང་བྱེད་ཡུལ་ནི་དོན་ཆེན་གྱི་རིགས་ཡིན་ལ། བུད་མེད་ཚོ་དེ་ལས་ལྡོག་སྟེ་ཕོ་མོའི་འབྲེལ་བ་དང་མ་བུའི་འབྲེལ་བའི་སྟེང་དུ་གནས་པས། འདང་རྒྱག་ས་མི་འདྲ་བ་རེད།

དེའི་ཕྱིར། བུད་མེད་ཚོས་བསམ་གཞིག་བྱེད་དུས་རང་གི་སྐྱེས་པའམ་ཡང་ན་ལངས་ཕྱོགས་གཞན་པའི་སྟེང་ནས་གནད་དོན་ལ་དབྱེ་ཞིབ་དང་། བཟོད་བསྲན་བྱས་ནས་གནད་དོན་གྱི་འབྱུང་ཁུངས་བཙལ་རྒྱུ་ནི་གལ་ཆེན་ཡིན། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།