《ཀྲུང་གོའི་སློབ་གསོ་དེང་རབས་ཅན། 2035ལོ》ཞེས་པ་བཀྲམ་པ།

༄༅།།ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《ཀྲུང་གོའི་སློབ་གསོ་དེང་རབས་ཅན།2035ལོ》ཞེས་པ་བཀྲམ་པ།

       སྤྱིའི་དམིགས་ཚད་ནི། 2020ལོར་སླེབས་སྐབས། “ལོ་ལྔ་ཚན་བཅུ་གསུམ་པའི”འཕེལ་རྒྱས་དམིགས་ཚད་ཕྱོགས་ཡོངས་ནས་ལག་ལེན་བསྟར་ནས་སློབ་གསོའི་སྤྱིའི་སྟོབས་ཤུགས་དང་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་མངོན་གསལ་དོད་པོ་གཏོང་བ་དང་། ངལ་རྩོལ་ལོ་ཚད་ཀྱི་མི་འབོར་ལ་ཆ་སྙོམས་སློབ་གསོ་དང་ལེན་གྱི་ལོ་ཚད་རིང་དུ་མངོན་གསལ་དོད་པོ་གཏོང་བ། སློབ་གསོ་དེང་རབས་ཅན་ལ་འཕེལ་རྒྱས་གལ་ཆེན་ཡོང་བ་བཅས་བྱས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཆེད་ལེགས་སྐྱེས་གལ་ཆེན་འབུལ་དགོས། དེའི་རྨང་གཞིའི་ཐོག་སླར་ཡང་ལོ་15འབད་བརྩོན་བྱས་པ་བརྒྱུད། 2035ལོར་སླེབས་སྐབས། སློབ་གསོ་དེང་རབས་ཅན་སྤྱིའི་ཆ་ནས་མངོན་འགྱུར་ཡོང་བ་དང་། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་གྱི་གྲས་སུ་ཚུད་པ། རང་རྒྱལ་འདི་ཉིད་སློབ་སྦྱོང་གི་རྒྱལ་ཁབ་ཆེན་པོ་དང་། མི་ཤུགས་ཐོན་ཁུངས་ཀྱི་རྒྱལ་ཁབ་སྟོབས་ཆེན། ཤེས་ལྡན་པའི་རྒྱལ་ཁབ་སྟོབས་ཆེན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་འཛུགས་སྐྲུན་བྱེད་ཆེད་རྨང་གཞི་བརྟན་པོ་འདིང་དགོས་པ་དེ་རེད། 

          ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཀྲུང་གོའི་སློབ་གསོ་དེང་རབས་ཅན། 2035ལོ》ཞེས་པ་བཀྲམ་པ་རེད། 《ཀྲུང་གོའི་སློབ་གསོ་དེང་རབས་ཅན། 2035ལོ》ཞེས་པའི་ནང་སློབ་གསོ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གཞི་རྩའི་འདུ་ཤེས་ཆེན་པོ་བརྒྱད་བཏོན་ཡོད་པ་སྟེ། ཀུན་སྤྱོད་ཨང་དང་པོར་འཇོག་རྒྱུར་དེ་བས་མཐོང་ཆེན་དང་། ཕྱོགས་ཡོངས་འཕེལ་རྒྱས་ལ་དེ་བས་མཐོང་ཆེན། མི་ཀུན་ལ་ཕྱོགས་རྒྱུར་དེ་བས་མཐོང་ཆེན། ཚེ་གང་སློབ་སྦྱོང་ལ་དེ་བས་མཐོང་ཆེན། མི་བསྟུན་སློབ་ཁྲིད་ལ་དེ་བས་མཐོང་ཆེན། ཤེས་སྦྱོར་གཅིག་མཐུན་ལ་དེ་བས་མཐོང་ཆེན། མཉམ་འདྲེས་འཕེལ་རྒྱས་ལ་དེ་བས་མཐོང་ཆེན། མཉམ་སྐྲུན་མཉམ་སྤྱོད་ལ་དེ་བས་མཐོང་ཆེན་བཅས་བྱེད་དགོས་པ་དེ་རེད། སྤྱིའི་དམིགས་ཚད་ནི། 2020ལོར་སླེབས་སྐབས། “ལོ་ལྔ་ཚན་བཅུ་གསུམ་པའི”འཕེལ་རྒྱས་དམིགས་ཚད་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་སློབ་གསོའི་སྤྱིའི་སྟོབས་ཤུགས་དང་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་མངོན་གསལ་དོད་པོ་གཏོང་བ་དང་། ངལ་རྩོལ་ལོ་ཚད་ཀྱི་མི་འབོར་ལ་ཆ་སྙོམས་སློབ་གསོ་དང་ལེན་གྱི་ལོ་ཚད་རིང་དུ་མངོན་གསལ་དོད་པོ་གཏོང་བ། སློབ་གསོ་དེང་རབས་ཅན་ལ་འཕེལ་རྒྱས་གལ་ཆེན་ཡོང་བ་བཅས་བྱས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཆེད་ལེགས་སྐྱེས་གལ་ཆེན་འབུལ་དགོས། དེའི་རྨང་གཞིའི་ཐོག་སླར་ཡང་ལོ་15འབད་བརྩོན་བྱས་པ་བརྒྱུད། 2035ལོར་སླེབས་སྐབས། སློབ་གསོ་དེང་རབས་ཅན་སྤྱིའི་ཆ་ནས་མངོན་འགྱུར་ཡོང་བ་དང་། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་གྱི་གྲས་སུ་ཚུད་པ། རང་རྒྱལ་འདི་ཉིད་སློབ་སྦྱོང་གི་རྒྱལ་ཁབ་ཆེན་པོ་དང་། མི་ཤུགས་ཐོན་ཁུངས་ཀྱི་རྒྱལ་ཁབ་སྟོབས་ཆེན། ཤེས་ལྡན་པའི་རྒྱལ་ཁབ་སྟོབས་ཆེན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་འཛུགས་སྐྲུན་བྱེད་ཆེད་རྨང་གཞི་བརྟན་པོ་འདིང་དགོས་པ་དེ་རེད། 《ཀྲུང་གོའི་སློབ་གསོ་དེང་རབས་ཅན། 2035ལོ》ཞེས་པས་སློབ་གསོ་འཕེལ་རྒྱས་ཀྱི་གནད་དོན་མངོན་གསལ་དོད་པོ་དང་ལྷུ་ཚིགས་ཉམས་ཞན་ལ་དམིགས་ནས། མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་གཞིགས་ཏེ་སློབ་གསོ་དེང་རབས་ཅན་ལ་ཕྱོགས་པའི་འཐབ་ཇུས་ཀྱི་ལས་འགན་ཆེན་པོ་བཅུ་གཙོ་གནད་ཐོག་བཀོད་སྒྲིག་བྱས་ཡོད་པ་སྟེ། གཅིག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱེད་པ་དང་། གཉིས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་ཡིན་པའི་སྤུས་ལེགས་སློབ་གསོ་འཕེལ་རྒྱས་གཏོང་བ། གསུམ་ནས་རིམ་ཁག་སློབ་གསོ་ཆུ་ཚད་མཐོ་བ་དང་སྤུས་ཚད་མཐོ་བའི་ངང་ཁྱབ་གདལ་ཡོང་བར་སྐུལ་འདེད་གཏོང་བ། བཞི་ནས་གཞི་རྩའི་སྤྱི་པའི་སློབ་གསོའི་ཞབས་ཞུ་དོ་སྙོམས་ཅན་ཡོང་བ་བྱེད་པ། ལྔ་ནས་དམངས་ཡོངས་ལ་ཞབས་ཞུའི་ཚེ་གང་སློབ་སྦྱོང་གི་མ་ལག་སྐྲུན་པ། དྲུག་ནས་ཤེས་ལྡན་པ་རྩེ་གྲ་གསོ་སྐྱོང་དང་གསར་གཏོད་བྱེད་ནུས་ཆེ་རུ་གཏོང་བ། བདུན་ནས་བྱང་ཚད་མཐོ་བའི་ཆེད་ལས་ཅན་དང་གསར་གཏོད་རྣམ་པའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱེད་པ། བརྒྱད་ནས་ཆ་འཕྲིན་ཅན་དུས་རབས་ཀྱི་སློབ་གསོའི་འཕོ་འགྱུར་མགྱོགས་སུ་གཏོང་བ། དགུ་ནས་སློབ་གསོ་ཕྱི་ཕྱོགས་སུ་སྒོ་དབྱེའི་རྣམ་པ་གསར་པ་གཏོད་པ། བཅུ་ནས་སློབ་གསོའི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པ་དེ་རེད། 《ཀྲུང་གོའི་སློབ་གསོ་དེང་རབས་ཅན། 2035ལོ》ཞེས་པའི་ནང་ད་དུང་སློབ་གསོ་དེང་རབས་ཅན་མངོན་འགྱུར་ཡོང་བའི་ལག་བསྟར་ཐབས་ལམ་དང་འགན་ལེན་བྱ་ཐབས་གསལ་སྟོན་བྱས་ཡོད་པ་རེད།


རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།