མདོ་དབུས་མཐོ་སྒང་ཁོར་སྲུང་གླིང་གི་ཚོགས་མིས་བྱ་འགུལ་སྤེལ་བའི་འདྲ་པར་བདམས་བཀོད།

    གཅིག   ལོ་གསར་བའི་ནང་དུ། ཟི་ཁྲོན་དཀར་མཛེས་ཁུལ་འབའ་ཐང་ངྷི་མདའ་ཡི་ལྗང་མདོག་ཁོར་ཡུག་གཅེས་སྐྱོང་ཚན་ཆུང་གིས་ལོ་སར་ཚེས་མགོར་ཁ་བ་བབས་པས། གཞུང་ལམ་སྟེང་གི་ཕར་འགྲོ་ཚུར་འོང་གི་མགྲོན་པོའི་འགྲིམ་འགྲུལ་བདེ་འཇགས་ལ་ཁག་ཐེག་ཡོང་དུ་འཇུག་ཆེད། ཚོགས་མི་རྣམ་པས་མ་སྐུལ་དང་བླངས་སྒོས་གཞུང་ལམ་སྟེང་གི་ཁ་བ་གཙང་ཕྱགས་བྱས་ནས་ལམ་འགྲོ་བ་རྣམས་ལ་ཞབས་ཕྱི་མཐུན་རྐྱེན་མི་དམན་པ་བསྒྲུབས།

1.jpg

2.jpg

3.jpg

4.jpg

གཉིས།  གཅན་ཚ་རྫོང་ཤ་ངུར་གདོང་སྲིན་པོ་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས་ཀྱི་ཚོགས་གཙོ་དྲན་པའི་རང་མདངས་ལགས་ཀྱིས་སྡེ་བའི་བྱིས་པ་རྣམས་རྩ་འཛུགས་བྱས་ཏེ།  སྡེ་བའི་ཉེ་འཁོར་གྱི་འཚོ་བའི་གད་སྙིགས་ཡོངས་རྫོགས་གཙང་བཏུས་བྱས་ནས་སྡེ་བའི་ཁོར་ཡུག་གི་རྣམ་པ་གཙང་མ་གཙང་རྐྱང་དུ་བསྒྱུར་བ་ལ་ཀུན་གྱིས་ཡི་རངས་དང་མིག་དཔེ་རུ་འཛིན་པར་འོས།

5.jpg

6.jpg

7.jpg

 བྱིས་བློ་ནི་ཆུ་མིག་ལྟར་དྭངས་ལ། བྱིས་བློ་ནི་མེ་ཏོག་བཞིན་མཛེས། མ་འོངས་བའི་ཡོད་ཚད་བྱིས་པ་ཁོ་ནར་དབང་ངེས།

8.jpg


9.jpg

བྱིས་པ་ལ་ཁོར་ཡུག་གཙང་སེལ་བྱེད་དུ་བཅུག་པ་ནི་གོམས་གཤིས་བཟང་བོ་སློབ་པ་ཡིན།

13.jpg

14.jpg


གསུམ།  ཁོར་སྲུང་གླིང་གི་ཚོགས་མི་དོ་རྒྱ་བསོད་ནམས་རྡོ་རྗེས་ཙོང་ཁའི་སྐྱེས་རིའི་རི་རྩེ་ནས་བོད་མིའི་དད་སེམས་ཀྱིས་སྤུངས་པའི་གད་སྙིགས་གཙང་བཏུས་བྱས་ཏེ། སྣོད་བཅུད་ཀྱི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་རྣམ་འགྱུར་དང་སེམས་འདུན་གཙང་མ་བསྟན།

15.jpg

16.jpgབཞི། གཅན་ཚ་རྫོང་ཤ་ངུར་གདོང་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་གསབ་སྦྱོང་འཛིན་གྲྭ་བསྡུས།


རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།