ཚན་རིག་ལོ་རྒྱུས་དང་ཚན་རིག་མཚན་ཉིད་རིག་པའི་བསྡུས་བཤད།

1.jpg

ནང་དོན་གནད་བསྡུས། 
ཚན་རིག་སྐོར་གླེང་སྐབས་དེའི་གསལ་འགྲེལ་དང་གོ་བ་ལེན་པའི་གཉིས་དཀར་འཕྲད་སྲིད་པས།དཔེ་དེབ་འདིར་ཚན་རིག་ལོ་རྒྱུས་དང་ཚན་རིག་མཚན་ཉིད་རིག་པ་གཉིས་སྦྲགས་པར་བཤད་པའི་ངང་ནས།ཡོ་རོབ་གླིང་གི་ཉེ་རབས་ཚན་རིག་གསར་བརྗེ་དེ་གནའ་རབས་ཀི་རེ་སིའི་ཨ་རི་སི་ཏོ་ཏིའི་མཚན་ཉིད་རིག་པ་ནས་ནུའོ་ཏོང་གི་ཚན་རིག་མ་ལག་བཙུགས་པའི་བར་གྱི་བསམ་བློ་རྒྱུད་རིམ་གསལ་བོར་འགྲེལ་པ་གཞིར་བཟུང་ནས། ཚན་རིག་གསར་བརྗེ་ནི་དོན་དངོས་སུ་རང་བྱུང་མཚན་ཉིད་རིག་པའི་འགྱུར་ལྡོག་ཡིན་གསལ་བོར་ར་སྤྲོད་བྱས། ས་བཅད་དང་པོར་ཚན་རིག་ལོ་རྒྱུས་ཀྱིས“དོན་དངོས”ལ་གོ་ལོག་བླངས་པ་གཙང་སེལ་བྱས། ས་བཅད་གཉིས་པར་ཨ་རི་སི་ཏོ་ཏི་དང་ཀི་པེ་ནེ་བར་གྱི་རྩོད་གཞི་ནི་རང་བྱུང་མཚན་ཉིད་རིག་པའི་རྩ་བའིའགལ་བ་ཡིན་གསལ་བཤད་བྱས། ས་བཅད་གསུམ་པར་ཚན་རིག་ཐབས་ལམ་གྱི་གསང་བར་མཐའ་དཔྱོད་བྱས། ས་བཅད་བཞི་བར་ཀུའུ་ཏེ་དང་ཁེ་ཕུ་ལུ་དང་ཀ་ལེ་ལའོ་སོགས་ཀྱིས་ཀི་པེ་ནེའི་རིག་པའི་གཞུང་ལུགས་ལ་སྲུང་སྐྱོང་བྱེད་པའི་རིགས་ལམ་མི་མཐུན་པ་གསལ་འགྲེལ་བྱས། ས་བཅད་ལྔ་བར་ཁུའུ་ཨེན་གྱི་ཚན་རིག་གསར་བརྗེ་འདུ་ཤེས་དེ་གནས་ལུགས་དང་མཐུན་པར་བསྐྱར་འཛུགས་བྱས། ས་བཅད་དྲུག་པར་ཚན་རིག་དང་སྤྱི་ཚོགས་བར་གྱི་འབྲེལ་བར་དབྱེ་ཞིབ་བྱས། ས་བཅད་བདུན་པར་རྩོམ་པ་པོའི་ནང་འབྲེལ་ལོ་རྒྱུས་དང་ཕྱི་འབྲེལ་ལོ་རྒྱུས་བར་གྱི་འབྲེལ་མཐུད་ཕྱོགས་ཀྱི་ཞིབ་འཇུག་གསར་བ་བཏོན། །

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།